དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐེ་རོན་ཕུས་སླར་ཡང་དབྱི་རན་ལ་འཇིགས་སྐུལ་བྱས་པ།

2026-01-22 10:39:14   |   52

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཧྭ་ཧྲིང་ཐོན་ནས་ཟླ1པོའི་ཚེས21ཉིན་འབྱོར་བའི་གློག་འཕྲིན། ཚེས21ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སུའེ་ཙེར་གྱི་ཏ་ཝོ་སིར་ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ་གྱི་བཅར་འདྲི་དང་ལེན་བྱེད་སྐབས་དབྱི་རན་གྱིས་ངེས་པར་དུ་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་མཚམས་འཇོག་དགོས་ཞེས་བཤད་པ་རེད། ཁོང་གིས་གལ་སྲིད་དབྱི་རན་གྱིས་ཉིང་རྡུལ་ཚོད་ལྟ་བྱེད་མཚམས་མ་བཞག་ཚེ་ཨ་རིས་བྱ་སྤྱོད་སྤེལ་སྲིད་པའི་ལྐོག་བརྡ་བཏང་བ་རེད།

ཨ་རིས་མཚོ་ཁུག་ས་ཁུལ་དུ་གནམ་ཐང་གྲུ་གཟིངས་སོགས་དམག་ཤུགས་མང་དུ་གཏོང་བཞིན་ཡོད་མེད་འདྲི་སྐབས། ཐེ་རོན་ཕུས“ང་ཚོས་སྔར་བས་བྱ་སྤྱོད་མི་སྤེལ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད། འོན་ཀྱང་ཁོང་གིས་བཤད་རྒྱུར་དབྱི་རན་གྱིས་ཐོག་མཐའ་བར་གསུམ་དུ་ཉིང་རྡུལ་ཚོད་ལྟ་བྱེད་ཀྱི་ཡོད། “ཉིན་ཞིག་ཁོང་ཚོས་དེ་ལྟར་བྱེད་མི་ཆོག་པ་གསལ་པོ་ཤེས་ཐུབ”ཅེས་འཇིགས་སྐུལ་བྱས་ནས“ཁོང་ཚོར་ཉིང་རྡུལ་མཚོན་ཆ་ཡོད་དུ་འཇུག་མི་རུང་”ཞེས་བཤད།

ཐེ་རོན་ཕུས་དབྱི་རན་གྱི“ཐོག་མཐའ་བར་གསུམ་དུ་ཉིང་རྡུལ་ཚོད་ལྟ་བྱེད་པའི”བཤད་ཚུལ་གྱི་གཞི་འཛིན་ས་གང་ཡང་བཏོན་མེད། ཨ་རིས་དུས་ཡུན་རིང་པོའི་ནང་དབྱི་རན་གྱི་ཉིང་རྡུལ་འཆར་གཞིའི་དམིགས་ཡུལ་ངོ་མ་ནི་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པར་འདོད་པ་དང་། དབྱི་རན་གྱིས་ཁོ་ཚོའི་ཉིང་རྡུལ་བྱེད་སྒོ་དེ་ཞི་བདེའི་དམིགས་ཡུལ་ཁོ་ནར་སྤྱོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཉེ་དུས་དབྱི་རན་ལ་ཟིང་ཆའི་དོན་རྐྱེན་ཐོན་ནས་མང་ཚོགས་དང་ཁྲིམས་འཛིན་མི་སྣ་ཤི་རྨས་བྱུང་ཡོད། ཉིན་ཤས་རིང་། ཐེ་རོན་ཕུས་དམག་དོན་ཐོག་ནས་དབྱི་རན་གྱི་དུས་བབ་ལ་ཐེ་ཇུས་ཐེངས་མང་བྱས་ཡོད། ཚེས19ཉིན། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་གིས་དབྱི་རན་གྱི་ཉེ་དུས་ཀྱི་ཟིང་ཆའི་དོན་རྐྱེན་ནི་ཨ་རི་དང་དབྱི་སི་རལ་གྱི་ལྐོག་གཡོ་རབ་དང་རིམ་པའི་རྒྱུན་མཐུད་ཅིག་ཡིན་ཞེས་བཤད་པ་རེད།


མཉམ་སྤྱོད།