དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡུག་རེན་དང་ཨ་རི། ཨུ་རུ་སུ་བཅས་ཕྱོགས་གསུམ་གྱི་གྲོས་མོལ་འཚོག་རྒྱུ་རེད།

2026-01-23 09:32:07   |   394

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཁེ་ཝི་ནས་ཟླ1པོའི་ཚེས22ཉིན་འབྱོར་བའི་གློག་འཕྲིན། ཚེས22ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་སུའེ་ཙེར་གྱི་ཏ་ཝོ་སི་ནས་སྨྱན་སྦྱོར་ལ་ཡུག་རེན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ལྷན་གྱི་དྲུང་ཡིག་ཝུའུ་མེ་ལུའོ་ཧྥུའུ་ཡིས་སྣེ་ཁྲིད་པའི་ཡུག་རེན་ཕྱོགས་ཀྱི་འཐུས་མི་ཚོགས་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཡུག་རེན་དང་ཨ་རི། ཨུ་རུ་སུ་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ཐེངས་དང་པོར་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།

ཡུག་རེན་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་གློག་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཙེ་ལེན་སི་ཅིས་ཡུག་རེན་ཕྱོགས་ཀྱི་གྲོས་མོལ་འཐུས་མི་ཚོགས་པའི་ཁོངས་མིའི་ནང་མིག་སྔར་ཏ་ཝོ་སིར་ཡོད་པའི་ཝུའུ་མེ་ལུའོ་ཧྥུའུ་དང་། ཙུང་ཐུང་གཞུང་དོན་ཁང་གི་ཀྲུའུ་རེན་པུ་ཏ་ལ་ནུའོ་ཧྥུའུ། ཙུང་ཐུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་པོ་ཅི་སི་ལི་ཚེ་ཡ། སྲིད་འཛིན་ཏང་མི་དམངས་སྤྱི་གཡོག་ཏང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ལ་ཧ་སྨི་ཡ་བཅས་ཡོད་པ་དང་། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱིའི་བློ་འདོན་པ་ཀེ་ན་ཐུའོ་ཧྥུའུ་བཅས་ཡུག་རེན་གྱི་རྒྱལ་ས་ཁེ་ཝི་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཕྱིན་ནས་གྲོལ་མོལ་ཞུགས་རྒྱུ་ཡིན་ཞེས་བཤད།

ཙེ་ལན་སི་ཅིས་ཨ་རི་ཕྱོགས་ཀྱི་འཐུས་མི་ཚོགས་པ་སྔོན་ལ་མོ་སི་ཁོར་སོང་ནས་ཨུ་རུ་སུ་ཕྱོགས་དང་ཐུག་འཕྲད་བྱ་རྒྱུ་དང་དེ་རྗེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཕྱིན་ནས་ཚེས23ནས24ཉིན་བར་འཚོག་རྒྱུའི་ཡུག་རེན་དང་ཨ་རི། ཨུ་རུ་སུ་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ནང་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།

ཨ་རིའི་ཨ་ཁེ་ཤིས་ཨའོ་སི་གསར་འགྱུར་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གྲོས་མོལ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེ་རུ་འཚོག་རྒྱུ་ཡིན་པ་དང་། ཨ་རིའི་འཐུས་མིའི་ནང་ཙུང་ཐུང་ཐེ་རོན་ཕུའི་དམིགས་བསལ་ཕོ་ཉ་ཝུའེ་ཐེ་ཁོ་ཧྥུའུ་དང་མག་པ་ཁུའུ་ཧྲི་ན་ཚུད་ཡོད། ཨུ་རུ་སུ་ཕྱོགས་ཀྱི་འཐུས་མིའི་ནང་ཕྱི་ཕྱོགས་མ་འཇོག་དང་དཔལ་འབྱོར་མཉམ་ལས་ཀྱི་ཙུང་ཐུང་གི་དམིགས་བསལ་འཐུས་མི་ཏེ་སྨི་ཐེ་ལི་ཡེ་ཧྥུའུ་དང་དེ་བཞིན་ཨུ་རུ་སུའི་དམག་དཔུང་གསང་འཕྲིན་སྡེ་ཚན་གྱི་འགན་འཁུར་བ་ཚུད་ཡོད།

དེ་གོང་། ཡུག་རེན་དང་ཨ་རིའི་ཚོགས་པས་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་རིང་ཡུག་རེན་ཉམས་ཉེན་གྱི་འབྲེལ་ཡོད་གནད་དོན་ཐད་གྲོས་མོལ་བྱས་པ་རེད། ཚེས22ཉིན་ཐེ་རོན་ཕུས་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཁོང་གཉིས་ཀྱི་གྲོས་མོལ“ཧ་ཅང་ཡག་པོ་འདུག”ཅེས་བཤད་པ་དང་འབྲེལ“དམག་འཁྲུག་ངེས་པར་དུ་མཇུག་འགྲིལ་དགོས”ཞེས་བཤད་པ་རེད། ཙེ་ལན་སི་ཅིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་སྤེལ་ནས་ཐེ་རོན་ཕུ་དང་ཐུག་འཕྲད་བྱས་པར“ཕན་འབྲས་ལྡན་པ་དང་ངོ་བོའི་རང་བཞིན་ལྡན་ཡོད”ཅེས་འཁོད་ཡོད།


མཉམ་སྤྱོད།