དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇར་པན་གྱི་གྲོས་ཁང་གཏོར་བ།

2026-01-23 11:00:40   |   390

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ1པོའི་ཚེས23ཉིན་འབྱོར་བའི་གློག་འཕྲིན། འཇར་པན་རླུང་འཕྲིན་མཐུན་ཚོགས་ཀྱིས(NHK)གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས23ཉིན་འཇར་པན་གྱི་གྲོས་ཁང་འོག་མ་དངོས་སུ་གཏོར་རྒྱུ་རེད།

01.jpg

གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་གྱི་སྐབས220པའི་རྒྱུན་གཏན་རྒྱལ་ཚོགས་ཚེས23ཉིན་འཚོགས་རྒྱུ་ཡིན་པ་དང་ཀའོ་ཧྲི་ཙའོ་མེའོ་སྲིད་གཞུང་གིས་སྔ་དྲོའི་ནང་བློན་ཁང་གི་ཚོགས་འདུའི་ཐོག་གྲོས་ཁང་འོག་མ་གཏོར་རྒྱུའི་གཏན་འབེབས་བྱས་པ་རེད།

གྲོས་ཁང་འོག་མའི་ཚང་འཛོམས་གྲོས་ཚོགས་དེ་ས་གནས་དེ་གའི་དུས་ཚོད་ཟླ1པོའི་ཚེས23ཉིན་གྱི་ཆུ་ཚོད13(པེ་ཅིང་གི་ཆུ་ཚོད12པ)ནས་མགོ་ཚུགས་རྒྱུ་ཡིན་པ་དང་། སྐབས་དེ་དུས་འཇར་པན་གྱི་གྲོས་ཁང་འོག་མའི་གྲོས་དཔོན་ཨེ་ཧོ་ཧྥུའུ་ཀྲི་ལང་གིས་ཚོགས་འདུའི་ཐོག“གྲོས་ཁང་གཏོར་རྒྱུའི་བཀའ་རྒྱ”ཁྱབ་སྒྲོག་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བའི་ནང་རྒྱུན་གཏན་ཏུ་རྒྱལ་ཚོགས་འཚོགས་པའི་ཉིན་དེར་གྲོས་ཁང་འོག་མ་གཏོར་བ་དེ་ནི་ལོ་དྲུག་ཅུའི་རིང་གི་ཐོག་མ་ཡིན་ལ། ལོ་ལྟར་གྱི་ཟླ་དང་པོར་རྒྱུན་གཏན་རྒྱལ་ཚོགས་ལམ་ལུགས་ལག་བསྟར་བྱས་ཚུན་གྱི་ཐེངས་དང་པོ་དེའང་རེད།

གནས་ཚུལ་སྤེལ་བའི་ནང་། ཀའོ་ཧྲི་ཙའོ་མིའོ་སྲིད་གཞུང་གིས་གྲོས་ཁང་འོག་མ་གཏོར་རྗེས་འཚོགས་པའི་གནས་སྐབས་ནང་བློན་ཚོགས་འདུའི་ཐོག ཟླ1པོའི་ཚེས27ཉིན་འདེམས་བསྐོའི་སྤྱི་བསྒྲགས་ཁྱབ་སྒྲོག་དང་། ཟླ2པའི་ཚེས8ཉིན་འདེམས་ཤོག་འཕེན་པ། འདེམས་བསྐོའི་གནས་ཚུལ་ཁྱབ་སྒྲོག་གི་གྲོས་ཁང་འོག་མའི་འདེམས་བསྐོའི་ཉིན་རེའི་གྲོས་རིམ་གཏན་འཁེལ་བྱ་རྒྱུ་རེད། གྲོས་ཁང་དངོས་སུ་གཏོར་བ་ནས་འདེམས་ཤོག་འཕེན་པའི་བར་གྱི་བར་མཚམས་ནི་ཉིན16ཡིན་པ་དང་། དེས་དམག་འཁྲུག་རྗེས་ཀྱི་ཟིན་ཐོ་ཐུང་ཤོས་བཏོད་ཡོད།

དེ་གོང་གནས་ཚུལ་སྤེལ་བར་གཞིགས་ན། ཚེས19ཉིན་ཀའོ་ཧྲི་ཙའོ་མིའོ་ཡིས་ད་ཐེངས་ཀྱི་འདེམས་བསྐོའི་དམིགས་ཚད་ནི་སྲིད་འཛིན་ཏང་ལ་གྲོས་མི་ཕྱེད་ཀ་ལས་བརྒལ་བ་ཐོབ་པ་དང་འབྲེལ། “དབུ་བཞུགས་བློན་ཆེན་མུ་མཐུད་འགན་འཁུར་ཐུབ་མིན་དེ་ལ་རག་ལས་ཡོད”ཅེས་ཁ་གསབ་བྱས་ཡོད།


མཉམ་སྤྱོད།