དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རི་དང་ཀེ་ལིན་ལན་གླིང་ཕྲན། ཏེན་མག་བཅས་ཀྱིས་གྲོས་མོལ་བྱས་ནས་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་བཏང་བ།

2026-01-29 09:14:42   |   438

སྒྲིག་སྒྱུར།    སངས་དོན།      ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


 ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ1པོའི་ཚེས29ཉིན་འབྱོར་བའི་གློག་འཕྲིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཏེན་མག་ཕྱི་འབྲེལ་པུས་ཨ་རི་དང་། ཀེ་ལིན་ལན་གླིང་ཕྲན། ཏེན་མག་བཅས་ཕྱོགས་གསུམ་གྱིས་ཚེས28ཉིན་གྲོས་མོལ་བྱེད་མགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་འཇིགས་སྐུལ་གཏམ་བརྗོད་སྤེལ་བ་ལས་བྱུང་བའི་ཕྱི་འབྲེལ་ཉམས་ཉེན་སེལ་ཆེད་ཡིན་ཞེས་བཤད་པ་རེད།

གནས་ཚུལ་སྤེལ་བའི་ནང་ད་ཐེངས་ཀྱི་ཕྱི་འབྲེལ་གྲོས་མོལ་ནི་བྱང་ཆིངས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཏེན་མག་དང་ཨ་རིའི་དབར་ཟླ་བ་ཁ་ཤས་རིང་ཛ་དྲག་གི་འབྲེལ་བ་བརྒྱུད་རྗེས་སྤེལ་བ་ཞིག་རེད།

ཏེན་མག་ཕྱི་འབྲེལ་པུས་ཏེན་མག་དང་། ཀེ་ལིན་ལན་གླིང་ཕྲན། ཨ་རི་བཅས་ནས་ཡོང་བའི་མཐོ་རིམ་དཔོན་རིགས་དང་ཐུག་འཕྲད་བྱས་ནས“ཏེན་མག་རྒྱལ་པོའི་རྒྱལ་ཁབ་ཀྱི་དམར་ཐིག་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨ་རིས་བྱང་སྣེའི་ས་ཁུལ་གྱི་བདེ་འཇགས་ལ་དོ་ཁུར་བྱེད་པའི་གནད་དོན་ཇི་ལྟར་ཐག་གཅོད་བྱ་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་ཉིན་དེའི་སྔ་ཙམ་དུ་ཨ་རིས་ཀེ་ལིན་ལན་གླིང་ཕྲན་གྱི་གྲོས་གཞིའི་ཐད་ཀེ་ལིན་ལན་གླིང་ཕྲན་དང་ཏེན་མག་གི་དཔོན་རིགས་དང་ལག་རྩལ་རིམ་པའི་ཚོགས་འདུ་འཚོག་རྒྱུ་ཡིན་ཞེས་བཤད་པ་རེད།

ཀེ་ལིན་ལན་གླིང་ཕྲན་ནི་འཛམ་གླིང་གི་གླིང་ཕྲན་ཆེ་ཤོས་དང་པོ་ཡིན་ལ། ཏེན་མག་གི་རང་སྐྱོང་མངའ་ཁོངས་ཀྱང་ཡིན་པས་ཚད་མཐོའི་རང་སྐྱོང་དབང་ཆ་ཡོད་པ་དང་རྒྱལ་སྲུང་དང་ཕྱི་འབྲེལ་ལས་དོན་ཏེན་མག་སྲིད་གཞུང་གིས་དོ་དམ་བྱེད་ཀྱི་ཡོད། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས“རྒྱལ་ཁབ་ཀྱི་བདེ་འཇགས”ཟེར་བ་རྒྱུ་མཚན་དུ་བྱས་ནས་ཀེ་ལིན་ལན་གླིང་ཕྲན་ཐོབ་པར་འུད་ཤོབ་ཐེངས་མང་བཤད་པ་རེད།


མཉམ་སྤྱོད།