དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱི་རྒྱལ་སར་དམག་འཁྲུག་སྐབས་ཀྱི་ཉེན་གཡོལ་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་བྱེད་མགོ་བརྩམས།

2026-01-30 09:41:58   |   284

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


དབྱི་རན་ཕྱོགས་ཀྱིས་ཚེས29ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་རྒྱལ་ས་ཏེ་ཧེ་རན་གྲོང་ཁྱེར་སྲིད་གཞུང་གིས་དམག་འཁྲུག་སྐབས་ཀྱི་ཉེན་གཡོལ་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་མགོ་བརྩམས་ཤིང་། དེའི་ནང་ས་འོག་གི་རླངས་འཁོར་འཇོག་ས་དེ“དུས་རྒྱུན་རླངས་འཁོར་འཇོག་ས་དང་དམག་འཁྲུག་སྐབས་ཉེན་གཡོལ་བྱེད་ས”ཡིན་པའི་སྤྱོད་སྒོ་གཉིས་ཀྱི་བར་སྟོང་སྒྱུར་བཀོད་ཚུད་ཡོད།

ཐེ་ཧེ་རན་གྱི་ཧྲི་ཀྲང་ཀྲ་ཁ་ཉིས“ཚེས12ཉིན་གྱི་དམག་འཁྲུག”བྱུང་རྗེས་ཉེན་གཡོལ་སྒྲིག་བཀོད་བསྐྲུན་པ་དང་། མཁའ་ཟོན་ཉེན་བརྡ་གཏོང་བ། དེ་བཞིན་དམག་འཁྲུག་བྱུང་སྲིད་པའི་གནས་ཚུལ་འོག་དམངས་ཚོགས་སྲུང་སྐྱོང་བྱེད་པའི་ལས་དོན་དག་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་གཞིའི་ནང་བཅུག་ཏེ། ས་འོག་རླངས་འཁོར་འཇོག་ས་དེ་ཛ་དྲག་གི་གནས་ཚུལ་འོག་ཉེན་གཡོལ་བྱ་ཡུལ་དུ་བསྒྱུར་བ་ཚུད་ཡོད་ཅེས་བཤད་པ་རེད། མིག་སྔར་ཚོད་ལྟའི་ས་གནས་གཉིས་གཏན་འཁེལ་བྱས་པ་དང་འབྱུང་འགྱུར་སྡེ་ཁུལ་ཁག་ཏུ་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་རེད།

ཀྲ་ཁ་ཉིས་གསར་སྐྲུན་སྒྲིག་བཀོད་ཕུད་ད་ཡོད་ཀྱི་སྒྲིག་བཀོད་དང་། ས་འོག་ལྕགས་ལམ་གྱི་ལམ་ཐིག་ཁག་གཅིག་ཛ་དྲག་གི་གནས་ཚུལ་འོག་གནས་སྐབས་ཉེན་གཡོལ་བྱ་ཡུལ་དུ་བརྩིས་ནས་སྤྱོད་ཆོག་པ་དང་། འབྲེལ་ཡོད་སྔོན་ཇུས་དང་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད་པ་རེད། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་དེ་རིགས་འཛུགས་སྐྲུན་གྱི་དུས་འཁོར་ཅུང་རིང་བས་རིམ་བཞིན་འཐུས་ཚང་དུ་གཏོང་དགོས།



མཉམ་སྤྱོད།