དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་དམག་འཁྲུག་མཇུག་འགྲིལ་རྒྱུ་དེ་དབྱི་རན་གྱིས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ།

2026-03-10 09:43:56   |   186

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་ཟླ3པའི་ཚེས10ཉིན་འབྱོར་བའི་གློག་འཕྲིན། ཚེས10ཉིན་གྱི་ཐོ་རེངས་སུ་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་དབྱི་རན་གྱི་དུས་བབ་སྐོར་གྱི་གཏམ་བརྗོད་ལ་ལན་སློག་སྐབས་དམག་འཁྲུག་མཇུག་འགྲིལ་རྒྱུ་དེ་དབྱི་རན་གྱིས་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མགྲིན་ཚབ་པས་ཁྲོམ་ཕུས་རྫུན་གཏམ་དང་མགོ་སྐོར་ལ་བརྟེན་ནས་དབྱི་རན་ལ་སེམས་ཁམས་ཀྱི་གནོན་ཤུགས་སྤྲོད་རྩིས་བྱེད་ཀྱི་ཡོད། “འོན་ཀྱང་དབྱི་རན་གྱིས་བློ་སྤོབས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཨ་རི་དང་དབྱི་སི་རལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཀྱི་ཡོད” ། “དམག་འཁྲུག་མཇུག་འགྲིལ་རྒྱུ་དེ་དབྱི་རན་གྱིས་ཐག་གཅོད་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།


མཉམ་སྤྱོད།