དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱང་ཁོ་རེ་ཡས་ཡང་བསྐྱར་འཐབ་ཇུས་སྐོར་སྐྱོད་འཕུར་མདེལ་འཕེན་གཏོང་ཚོད་ལྟ་བྱས་པ།

2026-03-11 10:24:28   |   268

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ཕིང་རང་ནས་ཟླ3ཚེས11ཉིན་འབྱོར་བའི་གློག་འཕྲིན། (གསར་འགོད་པ་ཝང་ཐེན་ལིའོ་དང་ཝང་ཁྲའོ་གཉིས་ཡིན།)  བྱང་ཁོ་རེ་ཡ་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས11ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡ་མི་དམངས་དམག་མཚོ་དམག་གི“ཚུའེ་ཞན”རྟགས་ཅན་གྱི་མཐར་སྐྲོད་དམག་གྲུའི་དམག་འཐབ་ཐད་དཔྱད་དཔོག་ཚོད་ལྟ་མུ་མཐུད་བྱས་པ་རེད། དམག་གྲུ་དེས་ཚེས10ཉིན་ཡང་བསྐྱར་འཐབ་ཇུས་སྐོར་སྐྱོད་འཕུར་མདེལ་འགའ་འཕེན་་གཏོང་ཚོད་ལྟ་བྱས། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་བརྙན་ལམ་ཐོག་ནས་ཚོད་ལྟའི་འཕེན་གཏོང་བྱེད་སྒོར་ལྟ་སྦྱོང་བྱས་པ་རེད།


མཉམ་སྤྱོད།