དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལེ་པ་ནོན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཆེ་རུ་ཕྱིན་ནས་ལེ་པ་ནོན་གྱི་མི570རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི75ལྷག་གནས་མེད་ཡུལ་གྱར་བྱས་པ།

2026-03-11 10:28:29   |   194

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   བཤེར་འབེབས། རིན་ཆེན་ཚེ་རིང་།


01dd5a669645b4ec97bc6d1d4b369e68.jpg

འདི་ནི་ཟླ3ཚེས10ཉིན་ལེ་པ་ནོན་གྱི་པེ་རུ་ཐེ་ལྷོ་འདབས་སུ་བླངས་པའི་དབྱི་སི་རལ་གྱིས་མཁའ་རྒོལ་བྱས་རྗེས་འཐིབས་པའི་དུ་བ་སྟུག་པོ་རེད། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(པི་ལའར•ཅ་ཝུའེ་ཞིས་པར་བླངས།)

ཤིན་ཧྭ་གསར་འགྱུར་ཁང་པེ་རུ་ཐེ་ནས་ཟླ3ཚེས10ཉིན་འབྱོར་བའི་གློག་འཕྲིན། ཚེས10ཉིན།(གསར་འགོད་པ་ཚའོ་ཁྲང་ཧའོ་དང་ཧྲེན་ཧྥེང་གཉིས་ཡིན།) ལེ་པ་ནོན་གྱི་པུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་གནོད་འཚེའི་ཉེན་ཁ་དོ་དམ་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཚེས2ཉིན་ལེ་པ་ནོན་དང་དབྱི་སི་རལ་གྱི་གདོང་ཐུག་ཆེ་རུ་ཕྱིན་ཚུན། དབྱི་སི་རལ་གྱིས་ལེ་པ་ནོན་ལ་རྒྱུན་མཐུད་ཕར་རྒོལ་བྱས་པ་ལས་མི570རྐྱེན་ལམ་དུ་ཤོར་བ་དང་། མི་1444ལ་རྨས་སྐྱོན་ཕོག་ཡོད་པ་རེད།

ད་དུང་སྙན་ཞུའི་ནང་མངོན་པ་ལྟར་ན། གདོང་ཐུག་དེས་མི་ཁྲི75ལྷག་གནས་མེད་ཡུལ་གྱར་དུ་བསྒྱུར་བའི་ནང་ཕལ་ཆེར་མི་ཁྲི12སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཉེན་གཡོལ་ཁང580ཡི་ནང་བསྡད་ཡོད།

གཞན་ཡང་ལེ་པ་ནོན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས10ཉིན་གྱི་ཕྱི་དྲོ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེ་ལྷོ་འདབས་སུ་མཁའ་རྒོལ་ཐེངས་གསུམ་བྱས་པ་དང་འབྲེལ་ལེ་པ་ནོན་ལྷོ་རྒྱུད་ཀྱི་ས་ཆ་མང་པོར་མུ་མཐུད་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

592ae999af6fa39c0cd778047ed35fd1.jpg

འདི་ནི་ཟླ3ཚེས10ཉིན་ལེ་པ་ནོན་གྱི་པེ་རུ་ཐེ་ལྷོ་འདབས་སུ་བླངས་པའི་དབྱི་སི་རལ་གྱིས་མཁའ་རྒོལ་བྱས་རྗེས་འཐིབས་པའི་དུ་བ་སྟུག་པོ་རེད། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(པི་ལའར•ཅ་ཝུའེ་ཞིས་པར་བླངས།)

ལེ་པ་ནོན་གྱི་ཙུང་ཐུང་ཡུའེ་སེ་ཕུའུ•ཨའོ་ཨེན་གྱིས་དེའི་སྔོན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཙོ་སྐྱོང་འོག་དབྱི་སི་རལ་དང་ཐད་ཀར་གྲོས་མོལ་བྱས་ནས། དབྱི་སི་རལ་གྱིས་ལེ་པ་ནོན་ལ་ཕར་རྒོལ་སྣ་ཚོགས་བྱེད་མཚམས་འཇོག་དགོས་པ་དང་གདོང་ཐུག་རིམ་སྤོར་བཀག་འགོག་བྱས་ཏེ། ཕྱོགས་ཡོངས་ནས་དམག་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད། ཁོང་གིས་ད་དུང་ལེ་པ་ནོན་གྱི་དམག་དཔུང་གིས་ཚོར་སྐྱེན་ས་ཁུལ་དུ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབས་ཅིག་ལེ་པ་ནོན་མངའ་ཁོངས་ཀྱི་ཀྲེན་ཀྲུའུ(真主)ཏང་གི་སྒྲིག་བཀོད་དང་མཚོན་ཆ་གཙང་སེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཨ་རི་དང་དབྱི་སི་རལ་གྱིས་དམག་དོན་ཐོག་ནས་དབྱི་རན་ལ་རྡུང་རྡེག་གཏོང་བར་འཁོན་ལན་སློག་ཆེད། ཚེས2ཉིན་གྱི་དགོང་མོ་ནས་བཟུང་ལེ་པ་ནོན་གྱི་ཀྲེན་ཀྲུའུ་ཏང་གིས་དབྱི་སི་རལ་བྱང་རྒྱུད་དུ་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས་ཤིང་། དབྱི་སི་རལ་གྱིས་ལེ་པ་ནོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། པེ་རུ་ཐེའི་ཉེ་འགྲམ་ས་ཁུལ་བཅས་ལ་དྲག་རྒོལ་དྲག་པོ་བྱས་པ་དང་འབྲེལ་ལེ་པ་ནོན་ལྷོ་རྒྱུད་དུ་ས་ངོས་འགུལ་སྐྱོད་སྤེལ་ཡོད།


མཉམ་སྤྱོད།