དེ་རིང་ནི2026ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་གྱིས་དགྲ་བོར་གྱོང་གུན་གསབ་པའི་རེ་བ་གདོན་རྒྱུ་རེད།

2026-03-16 10:19:04   |   68

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།    


ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར“གློག་འཕྲིན”གྱི་ཐོ་གྲངས་སུ་ཚེས15ཉིན་གྱི་མཚན་མོར་གནས་ཚུལ་སྤེལ་ནས། དབྱི་རན་གྱིས་གང་ལྟར་ཀྱང་དགྲ་བོར་སྐྱིན་ཚབ་ལེན་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས། གལ་ཏེ་དགྲ་བོས་སྐྱིན་ཚབ་འཇལ་རྒྱུ་ཁས་མ་བླངས་ཚེ། དབྱི་རན་གྱིས་དེ་མཚུངས་རིན་ཐང་གི་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ་དང་། གལ་ཏེ་གཞུང་བཞེས་གཏོང་མ་ཐུབ་ཚེ། དབྱི་རན་གྱིས་རིན་ཐང་གཅིག་མཚུངས་ཀྱི་རྒྱུ་ནོར་མེད་པར་བཟོ་རྒྱུ་ཡིན་ཚུལ་བསྒྲགས།


མཉམ་སྤྱོད།