དེ་རིང་ནི2026ལོའི་ཟླ03པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱི་ཙུང་ཐུང་གིས་དགྲ་ཤ་ལེན་པའི་དམ་བཅའ་བཞག་པ།

2026-03-18 09:24:40   |   79

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ལྟར་ན། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་ཚེས18ཉིན་གྱི་ཐོ་རེངས་སུ་གསལ་བསྒྲགས་སྤེལ་ནས། དབྱི་རན་གྱི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་དྲུང་ཡིག་དང་། དབྱི་རན་དབྱི་སི་ལམ་གྲོས་ཚོགས་ཀྱི་དེ་སྔའི་གྲོས་དཔོན་ཨ་ལི•ལ་ལི་ཅ་ཉི་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་འབྲེལ་དགྲ་ཤ་ལེན་རྒྱུའི་དམ་བཅའ་ཡང་བཞག་པ་རེད།

ཕེ་ཙེ་ཞི་ཆི་དབྱང་གིས་ལ་ལི་ཅ་ཉི་ཡི་ལས་འགན་འཁུར་རིང་གི་བྱས་རྗེས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་དྲུང་ཡིག་ཡིན་པའི་ཆ་ནས། ལ་ལི་ཅ་ཉིས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དབྱི་སི་ལམ་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་ཇེ་ཟབ་ཏུ་བཏང་ཡོད། ཁོང་སྐུ་གཤེགས་པ་ནི་ཁ་གསབ་བྱེད་དཀའ་བའི་གྱོང་གུན་ཆེན་པོ་ཞིག་ཡིན་པས་ལག་དམར་ལ་ཉེས་ཆད་དྲག་པོ་གཅོད་ངེས་ཡིན་ཚུལ་བཅས་བཤད།

495166107b09fbcf5121a053a56f40d7.jpg

དཔྱད་གཞིའི་པར་རིས། ལ་ལི་ཅ་ཉི།

ཕེ་ཙེ་ཞི་ཆི་དབྱང་གིས་དབྱི་རན་གྱིས་སྔར་བཞིན“རྗེས་དཔག་དང་མིག་རྒྱང་རིང་བ་ཟུང་འབྲེལ་བྱེད་པའི”འགོག་རྒོལ་ལམ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད།

ཚེས17ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་དབྱི་སི་རལ་གྱི་དམག་གིས་སྔ་ཉིན་དགོང་མོ་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་གྱི་ཉེ་འགྲམ་དུ་མཁའ་རྒོལ་བྱས་ནས་ལ་ལི་ཅ་ཉི་ལྐོག་གསོད་བྱས་ཞེས་བཤད། དབྱི་རན་གྱི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱིས་ཚེས18ཉིན་གྱི་ཐོ་རེངས་སུ་གསལ་བསྒྲགས་སྤེལ་ནས་ལ་ལི་ཅ་ཉི་རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱས་ཡོད།

ལ་ལི་ཅ་ཉི་ལོ་མང་རིང་དབྱི་རན་གྱི་མགོ་ཁྲིད་རིམ་པའི་ཁོངས་མི་རྒན་གྲས་ཀྱི་གྲས་སུ་བརྩི་བ་དང་། འདས་ཟིན་པའི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱིའི་མཛའ་གྲོགས་རོགས་ཟླ་ཡིན། དབྱི་སི་རལ་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། ཧ་མེ་ནེ་དབྱི་ཟླ2ཚེས28ཉིན་ཨ་རི་དང་དབྱི་སི་རལ་གྱི་མཁའ་རྒོལ་ཁྲོད་ཚེ་སྲོག་ཤོར་རྗེས་ལ་ལི་ཅ་ཉིས་དབྱི་སི་རལ་དང་ཨ་རིར་དམིགས་པའི་དམག་འཐབ་བྱ་སྤྱོད་ལ་མགོ་ཁྲིད་བྱས་པས། དེ་ནི་དབྱི་རན་གྱི“དོན་དངོས་ཐོག་གི་མགོ་ཁྲིད་པ”ཡིན་པ་རེད།


མཉམ་སྤྱོད།