དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་དམག་དཔུང་གིས་རྨས་སྐྱོན་གྱི་གཞི་གྲངས་ཁྱབ་སྒྲོག་བྱས་པ།

2026-03-17 08:49:25   |   41

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ལྟར་ན། ཚེས16ཉིན་ཨ་རིའི་དམག་དཔུང་ཀྲུང་དབྱང་དམག་སྤྱི་ཁང་གི་མགྲིན་ཚབ་པས་ཨ་རི་དང་དབྱི་སི་རལ་གྱིས་རེས་སྐོར་འདིའི་དབྱི་རན་ལ་དམག་དོན་བྱ་སྤྱོད་སྤེལ་ཚུན། ཨ་རིའི་དམག་དཔུང་གི་དམག་མི200ལྷག་དབུས་ཤར་རྒྱལ་ཁབ7དུ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།

ཨ་རིའི་སྨྱན་སྦྱོར་མང་པོས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཀྲུང་དབྱང་སི་ལིང་པུའི་མགྲིན་ཚབ་པ་ཏི་མུའུ•ཧོ་ཅིན་སིས་ཉིན་དེར་ཨ་རིའི་དམག་དཔུང་གིས་པ་རེན་དང་དབྱི་རག དབྱི་སི་རལ། ཡུའེ་ཏན། ཁུ་ཝེ་ཐེ། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་སུ་དམག་མིར་རྨས་སྐྱོན་ཕོག་པ་དང་། རྨས་སྐྱོན་མང་ཆེ་བ་གདོང་ཐུག་གི་དུས་མགོར་ཕོག་པ་རེད་ཅེས་བཤད། ཁོང་གིས་རྨས་སྐྱོན་ཁག་གཅིག་ནི་ཉེ་བའི་ཉིན་ཁ་ཤས་ནང་གཞི་ནས་སྙན་ཞུ་བྱས་པ་ཞིག་ཡིན་ཞིང་། ནད་རྟགས་གཙོ་བོ་ནི་རྨས་སྐྱོན་རང་བཞིན་གྱི་ཀླད་པར་རྨས་སྐྱོན་ཕོག་པ་དེ་ཡིན་ལ། གཞན་ཡང་ཨ་རིའི་དམག་དཔུང་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་དམག་མི10ལ་འཕར་ཡོད་ཅེས་བཤད།

ཨ་རིའི《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》ཐོག་ཉིན་ཤས་གོང་ཨ་རིའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བཤད་པ་ལྟར་ན། ཨ་རིའི་དམག་དཔུང་གི་མི་སྣ13དབྱི་རན་གྱི་དམག་དོན་བྱ་སྤྱོད་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད།


མཉམ་སྤྱོད།