དེ་རིང་ནི2026ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཨུ་རུ་སུས་འཇར་པན་ལ་ཐ་ཚིག་བསྒྲགས་པ།

2026-03-19 09:21:12   |   44

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས18ཉིན་ཨུ་རུ་སུ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་གལ་སྲིད་འཇར་པན་ལམ་རྙིང་བར་བསྐྱར་ལོག་བྱེད་འདོད་མེད་ཚེ། ལོ་རྒྱུས་ཀྱི་བསླབ་བྱ་བསྡུ་ལེན་བྱས་ནས་འཇར་པན་གྱི་རྩ་ཁྲིམས་ནང་གི་ཞི་བདེ་རིང་ལུགས་ཀྱི་དོན་ཚན་ལ་བརྩི་སྲུང་ནན་པོ་ཞུ་དགོས་ཞེས་བཤད།

6979033764355b7bb114cfe98d06da47.jpg

△ཨུ་རུ་སུ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ།(དཔྱད་གཞིའི་པར་རིས)

དེ་ཉིན་ཀྲ་ཧ་ལུའོ་ཝ་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། འཇར་པན་གྱིས་རྒྱལ་ཁབ་ཀྱི“སླར་ཡང་དམག་དོན་ཅན”གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པའི་ནང་སྐོར་སྐྱོད་འཕུར་མདེལ་སོགས་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་ཉོ་སྒྲུབ་བྱ་རྒྱུ་ཚུད་ཡོད། སྒྲིག་ཆས་དེ་རིགས་འགོག་སྲུང་རང་བཞིན་གྱི་མཚོན་ཆའི་ཁོངས་སུ་མི་གཏོགས་པ་མངོན་གསལ་རེད་ཅེས་བཤད།

ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་དམག་གྲོན་སྔོན་རྩིས་རྒྱ་ཆེར་གཏོང་བ་དང་། ལྷག་པར་དུ་ཨུ་རུ་སུ་སོགས་མཐའ་འཁོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མི་མངོན་པའི་འཇིགས་སྐུལ་བཟོ་བའི་གོ་མཚོན་སྒྲིག་ཆས་ཉོ་སྒྲུབ་བྱ་རྒྱུར་སྤྱོད་པར་གཏོར་བཤིག་རང་བཞིན་གྱི་མཇུག་འབྲས་ཐོན་སྲིད་པར་བསླབ་བྱ་ཐེངས་མང་བྱས་ཡོད་ཚུལ་བཤད།

ཁོ་མོས་འཇར་པན་གྱི“སླར་ཡང་དམག་དོན་ཅན”གྱི་སྲིད་ཇུས་ཀྱིས་ས་ཁུལ་དང་གོ་ལ་ཧྲིལ་པོའི་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་ཐེབས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཛ་དྲག་དུས་བབ་སྔར་བས་ཛ་དྲག་ཏུ་བསྒྱུར་བ་མ་ཟད། རེས་སྐོར་གསར་པའི་དམག་ཤུགས་འགྲན་བསྡུར་ཡང་ཐོན་རྒྱུ་རེད་ཅེས་བཤད་པ་རེད།

ཀྲ་ཧ་ལུའོ་ཝ་ཡིས་གལ་སྲིད་ཨུ་རུ་སུའི་མངའ་ཁོངས་སུ་འཕུར་མདེལ་གསར་སྣོན་གྱི་ཉེན་ཁ་འཕྲད་ཚེ། ཨུ་རུ་སུ་ཕྱོགས་ཀྱིས་ལན་བརྒྱབ་ནས་དགོས་ངེས་ཀྱི་ཁ་གཏད་གཅོག་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་འགོག་སྲུང་ནུས་པ་འགན་ལེན་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས།


མཉམ་སྤྱོད།