དེ་རིང་ནི2026ལོའི་ཟླ03པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཁྲིམས་སྐྱོང་ཤེས་བྱ་སློབ་གྲྭར་སྐྱེལ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

2026-03-24 16:22:29   |   163

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་ནས་ཟླ3པའི་ཚེས21ཉིན་གློག་འཕྲིན་འབྱོར་གསལ་ལྟར་ན། ཉེ་ཆར་མཚོ་བྱང་ཁུལ་མདའ་བཞི་རྫོང་ཁྲིམས་འཛིན་ཅུས་རྫོང་སློབ་གསོ་ཅུ་དང་མཉམ་འབྲེལ་བྱས་ཏེ་མདའ་བཞི་རྫོང་གི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་སློབ་ཆུང་དུ“ཁྲིམས་སྐྱོང་ཤེས་བྱ་སློབ་གྲྭར་བསྐྱལ་ནས་ལང་ཚོའི་ལམ་བུར་སྲུང་སྐྱོང་བྱེད”ཅེས་པའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་སློབ་མར་གསོན་ཉམས་ལྡན་ལ་གོ་ཆོད་པ། ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཉེ་བའི་ཁྲིམས་སྐྱོང་སློབ་གསོ་ཞིག་མྱོང་རོལ་བྱེད་དུ་བཅུག 

མདའ་བཞི་རྫོང་ཁྲིམས་འཛིན་ཅུས་ནུབ་རྒྱུད་སྦྱོང་བརྡར་གཞོན་ནུའི་ཁྲིམས་རྩོད་པ་སྒྲོག་བཤད་པའི་འགན་འཁུར་བར་གདན་འདྲེན་བྱས་ཏེ། སྒྲོག་བཤད་མི་སྣས་གཞོན་ནུ་ལོ་ཆུང་གི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་དམ་པོར་གཞིགས་ཏེ་སྤྲོ་མེད་ཀྱི་ཁྲིམས་ལུགས་དོན་ཚན་དོར་ཏེ། གོ་སླ་ཞིང་གསོན་ཉམས་ལྡན་པའི་སྐད་ཆ་གཙོ་གནད་དུ་བཟུང་སྟེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》《ནར་མ་སོན་པའི་མིས་ཉེས་གསོག་བྱེད་པར་སྔོན་འགོག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་སློབ་མའི་སློབ་སྦྱོང་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱས།

དེ་དང་ཆབས་ཅིག་ཏུ་སྒྲོག་བཤད་པས་དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་བཅའ་ཁྲིམས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་སྤྲད་པའི་ཁེ་དབང་དང་འོས་འགན་གསལ་བཤད་བྱས་ཏེ། སློབ་གྲོགས་ཚོར་ཁྲིམས་བརྩི་བ་དང་ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ། བྱེད་སྒོ་སྤེལ་ཡུལ་དུ་སློབ་གྲོགས་ཚོས་ནན་ཏན་གྱིས་ཉན་པ་དང་བསམ་གཞིག་ཧུར་ཐག་བྱས་ཏེ་བག་ཕེབས་སྤྲོ་སྣང་གི་ཁོར་ཡུག་ཁྲོད་ཁྲིམས་སྐྱོང་གི་ས་བོན་སེམས་ཀྱི་ཟབ་སར་ཉར་ཡོད།

ཁྲིམས་སྐྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་ཆེད། ལས་དོན་མི་སྣས་ཉེ་འཁོར་སློབ་གྲྭར་བྱུང་པའི་དོན་དངོས་དཔེ་མཚོན་བདམས་ཏེ་སློབ་རར་བརྙས་བཅོས་མྱོང་བ་དང་དྲ་རྒྱར་གཡེང་བ། ངར་ལངས་ནས་རྒྱག་རེས་བྱེད་པ། རོལ་རྩེད་དངུལ་འཇོག་གཡོ་ལེན་བྱེད་པ་སོགས་ཀྱི་བྱ་སྤྱོད་ཀྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་དང་དངོས་ཡོད་གནོད་འཚེ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཁྲིམས་འགལ་དང་སྒྲིག་འགལ་གྱི་དབྱེ་མཚམས་གསལ་པོ་བཟོས་ནས་སློབ་མར་གྱོད་དཔེ་ངོ་མ་ལས་བསླབ་བྱ་ལེན་པ་དང་ཡིན་མིན་གསལ་འབྱེད་བྱེད་དུ་བཅུག་སྟེ། བཅའ་ཁྲིམས་ནི་རང་ཉིད་སྲུང་སྐྱོང་བྱེད་པའི“གོ་ཁྲབ”ཡིན་ལ་རེག་མི་ཆོག་པའི“མཐོ་གནོན་གློག་སྐུད”ཞིག་ཀྱང་ཡིན་པ་ཤེས་སུ་བཅུག

གཅིག་སྡུད་སློབ་སྦྱོང་གི་ཕན་འབྲས་ལ་བརྟག་བཤེར་དང་སྦྱངས་པའི་ཤེས་བྱ་སྲ་བརྟན་དུ་གཏོང་ཆེད། བྱེད་སྒོའི་ནང་ད་དུང་སྤྲོ་སྣང་ལྡན་པའི་དྲི་བ་དྲིས་ལན་གྱི་མཉམ་འགུལ་བརྒྱུད་རིམ་བཀོད་སྒྲིག་བྱས་པ་དང་གནད་དོན་བཀོད་སྒྲིག་དེ་ད་ཐེངས་སྒྲོག་བཤད་བྱེད་པའི་བཅའ་ཁྲིམས་ཤེས་བྱ་ལ་དམ་པོར་དམིགས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོབ་དང་། ཉེས་གསོག་སྔོན་འགོག བདེ་འཇགས་རང་སྲུང་སོགས་ཕྱོགས་མང་པོ་ཡོད།  

སློབ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ལག་པ་ཡར་བཀྱགས་ནས་ལན་འཕྲོག་འདེབས་བྱས་པ་དང་། དྲི་བ་དྲིས་ལན་དང་མཉམ་འགུལ་བརྗེ་རེས་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་གྲོགས་ཚོས་བཅའ་ཁྲིམས་ཤེས་པ་དང་དྲན་ཤེས་ཇེ་ཟབ་ཏུ་ཕྱིན་པ་མ་ཟད། རང་རྟོགས་ངང་བཅའ་ཁྲིམས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་སྔར་ལས་འཕེལ་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཆེར་བསྐྱེད་བྱེད་པར་སྐུལ་འདེད་བཏང་ཡོད། 

བྱེད་སྒོའི་སྐབས་སུ་ལས་དོན་མི་སྣས་བཅའ་ཁྲིམས་ཁྱབ་གདལ་ལག་དེབ་དང་དྲིལ་སྒྲོག་ཤོག་ལེབ། ཡིག་ཆའི་སྒམ། ལག་ཁུག་སོགས་ཁྲིམས་སྐྱོང་དྲིལ་སྒྲོག་དངོས་པོ་ཁག90ལྷག་ཙམ་སྤྲད་པས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་དོགས་ཟོན་ནུས་པ་ནུས་ལྡན་ངང་ཇེ་མཐོར་ཕྱིན་པ་དང་ཁྲིམས་སྐྱོང་གི་འདུ་ཤེས་སེམས་ལ་ཟུག་རྒྱུར་སྐུལ་མ་ཐེབས་ཡོད།


མཉམ་སྤྱོད།