དེ་རིང་ནི2026ལོའི་ཟླ03པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུས་དབྱི་རན“རྦད་དེ་ཕམ་པར་བཟོས་པས”གདོང་ཐུག་མཇུག་བསྒྲིལ་ཆོག་ཅེས་བཤད་པ།

2026-03-25 09:31:44   |   56

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།  ས་གནས་དེ་གའི་དུས་ཚོད་ཟླ3ཚེས24ཉིན་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཕོ་བྲང་དཀར་པོར་ཨ་རི་ཕྱོགས་ཀྱིས་དབྱི་རན་ལ་སྤྱད་པའི་བྱ་སྤྱོད་ནང“རྒྱལ་ཁ་ཐོབ་པ”དང་། དབྱི་རན“རྦད་དེ་ཕམ་པར་བཟོས་པ”དང་འབྲེལ་མིག་སྔའི་དུས་བབ“སྟོབས་ཤུགས་མཉམ་པའི་དགྲ་བོའི་གདོང་ཐུག”མིན་པར་དབྱི་རན་ཕྱོགས་ཀྱི“དམག་དོན་ཐད་རྦད་དེ་ཉམས་ཞན་དུ་བཏང”ཡོད་ཚུལ་བཤད། 

53c70bf106e49ef2e183c187e8d023c5.jpg

ཁྲོམ་ཕུས་དབྱི་རན་ལ“མཚོ་དམག་མེད་པ་དང་མཁའ་དམག་མེད་ཅིང་། འགོག་སྲུང་ནུས་ལྡན་གྱི་ནུས་པ་ཡང་མེད”ལ། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་བྱ་སྤྱོད་ཁྲོད་ལེགས་ཆ་བལྟོས་མེད་བཟུང་ཡོད་པ་དང་། སྨྱན་སྦྱོར་ཁག་གཅིག་གི་དུས་བབ་དེ“འབྱར་ནས་འཐབ་པ”ཞེས་པའི་བཤད་ཚུལ་དེ“དོན་དངོས་དང་མི་མཐུན་པའི”སྐོར་ལ་སྐྱོན་བརྗོད་བྱས་ཡོད། 

ཁོས་དེ་དང་ཆབས་ཅིག་ཨ་རི་ཕྱོགས་ལ་དབྱི་རན་གྱི་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ལ་སྔར་བས་རྡུང་རྡེག་གཏོང་བའི་ནུས་པ་ལྡན་ཡོད་མོད། འོན་ཀྱང་གྲོས་མོལ་བརྒྱུད་གདོང་ཐུག་མཇུག་བསྒྲིལ་ནས་གྱོང་གུན་དེ་བས་མང་བ་མི་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་བྱས། ཁྲོམ་ཕུས“གདོང་ཐུག་འདི་མཇུག་བསྒྲིལ་ཆོག”ཅེས་བཤད་ཀྱང་མཐའ་མའི་གྲོས་མཐུན་གྱི་འབྲས་བུར་བརྡར་གཅོད་གཏན་འཁེལ་བྱས་མེད་ཅེས་བཤད། 

ཉིང་རྡུལ་གནད་དོན་ཐད་ཁྲོམ་ཕུས་དབྱི་རན་ལ“ཉིང་རྡུལ་མཚོན་ཆ་ཡོད་མི་སྲིད་པ”བསྐྱར་བསྒྲགས་བྱས་པ་དང་འབྲེལ་ཨ་རི་ཕྱོགས་ཀྱིས་དེའི་སྔོན་གྱི་དམག་དོན་བྱ་སྤྱོད་ཁྲོད་དེའི་ཉིང་རྡུལ་ནུས་པ་མེད་པར་བཟོས་ཡོད་ཅེས་བཤད་ཅིང་། ཁོས་ད་དུང་དང་ཐོག་ཁོས་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ཕྱིར་འཐེན་བྱས་མེད་ཚེ་དབྱི་རན་ལ་སྔ་ས་ནས་ཉིང་རྡུལ་མཚོན་ཆ་ཐོབ་ཡོད་སྲིད་ཅེས་བཤད་པ་རེད། 

ཁོས་ད་དུང་དབྱི་རན་གྱིས་གདོང་ཐུག་བྱུང་བའི་དུས་མགོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཁུ་ཝེ་ཐེ། པ་རེན་སོགས་སུ་འཕུར་མདེལ་འཕེན་གཏོང་བྱས་པ་དང་། འབྲེལ་ཡོད་བྱ་སྤྱོད་དེ་ཕྱི་ཕྱོགས་ཀྱི་སྔོན་དཔག་ལས་འདས་ཡོད་ཅེས་བཤད་པ་རེད། 

མཇུག་ཏུ་ཁྲོམ་ཕུས་ཕྱི་འབྲེལ་གྱི་བྱེད་ཐབས་བརྒྱུད་མིག་སྔའི“དམག་དོན་བྱ་སྤྱོད”མཇུག་འགྲིལ་རྒྱུའི་རེ་བ་བྱེད་པ་དང་འབྲེལ་དམིགས་ཡུལ་ནི“མི་ཁྲི་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་སྐྱོབ་རྒྱུ་དེ་ཡིན”ཞེས་བརྗོད་པ་རེད། 

ཟླ3ཚེས24ཉིན་ཨ་རིའི་རྒྱལ་སྲུང་པུ་ཀྲང་ཕི་ཐེ•ཧོ་ཀེ་སའེ་སིས་ད་ཐེངས་ཀྱི་བྱ་སྤྱོད་འདི་དབྱི་རག་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་དང་མི་འདྲ་བ་དང་། རེས་སྐོར་འདིའི་བྱ་སྤྱོད་ཀྱི་དམིགས་ཡུལ་གསལ་བོ་ཡིན་པ་སྟེ།  “ཉིང་རྡུལ་ནུས་པའི་ཉེན་ཁ་མེད་པ་བཟོ་རྒྱུ”ཡིན་པ་ལས་ཡུན་རིང་ཐེ་ཇུས་སམ་བསྐྱར་སྐྲུན་བྱེད་པ་ཞིག་མིན་ཚུལ་བཤད། 


མཉམ་སྤྱོད།