དེ་རིང་ནི2026ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་དམག་ཕྱོགས་ཀྱིས་དམག་འཁྲུག་དེ“དགྲ་བོས་མགོ་འདོགས་པའི”བར་རྒྱུན་མཐུད་བྱ་རྒྱུ་ཡིན་ཞེས་བཤད་པ།

2026-04-02 15:16:38   |   25

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

དབྱི་རན་ཐ་སི་ཉི་མུའུ་འཕྲིན་གཏོང་ཁང་གིས་ཚེས2ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་དྲག་ཆས་དཔུང་སྡེ་ཧ་ཐ་མུའུ་ཨན་པི་ཡའི་ཀྲུང་དབྱང་སྤྱི་ཁྱབ་པུའི་མགྲིན་ཚབ་པས་དེ་ཉིན་གསལ་བསྒྲགས་སྤེལ་ནས་དམག་འཁྲུག་དེ“དགྲ་བོས་མགོ་བཏགས་ནས་ནམ་ཡང་འགྱོད་པ་སྐྱེས་པའི”བར་རྒྱུན་མཐུད་བྱ་རྒྱུ་ཡིན་ཞེས་བཤད། ཨ་རི་དང་དབྱི་སི་རལ་གྱིས་གྲ་སྒྲིག་ཡག་པོ་བྱས་ཏེ་དབྱི་རན་གྱི་དེ་བས་ཤུགས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། གཏོར་བཤིག་དེ་བས་ཆེ་བ་བཅས་ཀྱི་རྡུང་རྡེག་ལ་བསུ་བ་ཞུ་དགོས་ཞེས་བཤད་པ་རེད།

གསལ་བསྒྲགས་ནང་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་གྱི་འཐབ་ཇུས་འཕུར་མདེལ་ཐོན་སྐྱེད་ལྟེ་གནས་དང་། མི་མེད་གནམ་གྲུ། མཁའ་ཟོན་མ་ལག་སོགས་དམག་དོན་དམིགས་ཚད་གཏོར་ཟིན་པ་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག“དབྱི་རན་གྱི་དམག་དོན་སྟོབས་ཤུགས་དང་སྒྲིག་ཆས་ལ་རྒྱུས་མངའ་ཆ་ཚང་མེད་པ་དང་དབྱི་རན་གྱི་དམག་འཐབ་ནུས་པར་རྒྱུས་མངའ་གང་ཡང་མེད།” ཨ་རི་དང་དབྱི་སི་རལ་གྱིས་དེ་སྔ་རྡུང་རྡེག་གཏོང་བའི་དབྱི་རན་གྱི་དམག་དོན་དམིགས་ཚད་གལ་ཆེན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་དབྱི་རན་གྱི་འཐབ་ཇུས་དམག་དོན་ཐོན་སྐྱེད་རྟེན་གཞི་དེ“ཨ་རིས་གཏན་ནས་མི་ཤེས་པ་དང་ནམ་ཡང་རྙེད་ཐབས་བྲལ་བའི་ས་ཆར”བཀོད་སྒྲིག་བྱས་ཡོད་བཅས་ཅེས་འཁོད་ཡོད།



མཉམ་སྤྱོད།