དེ་རིང་ནི2026ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སུའུ་ལིན་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས།

2026-04-07 11:21:30   |   22

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

ཚེས7ཉིན། ཝེ་ཐེ་ནམ་གྱི་སྐབས་བཅུ་དྲུག་པའི་རྒྱལ་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་རེད།

སུའུ་ལིན1957ལོའི་ཟླ7པར་ཝེ་ཐེ་ནམ་བྱང་ཕྱོགས་ཞིན་ཨན་ཞིང་ཆེན་དུ་སྐྱེས་ཤིང་། དུས་ཡུན་རིང་པོར་ཝེ་ཐེ་ནམ་སྤྱི་བདེ་པུ་རུ་ལས་འགན་འཁུར། 2016ལོའི་ཟླ4པ་ནས2024ལོའི་ཟླ5པའི་བར། སུའུ་ལིན་གྱིས་སྤྱི་བདེ་པུ་ཡི་པུ་ཀྲང་གི་འགན་བཞེས། 2024ལོའི་ཟླ5པར་སུའུ་ལིན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས། 2024ལོའི་ཟླ8པར། སུའུ་ལིན་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་། 2024ལོའི་ཟླ10པར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་མ་འཁུར། 2026ལོའི་ཟླ1པའི་ཚེས23ཉིན་སུའུ་ལིན་ཝེ་ཐེ་ནམ་གུང་ཁྲན་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་རེད།


མཉམ་སྤྱོད།