དེ་རིང་ནི2026ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོན་ཕུས་ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས7ཉིན་གྱི་ཆུ་ཚོད20པ་ནི་དབྱི་རན་གྱིས་གྲོས་མཐུན་འཇོག་པའི་མཐའ་མའི་དུས་ཚད་ཡིན་ཞེས་བཤད།

2026-04-07 15:41:02   |   107

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བ་ནས་ཟླ4པའི་ཚེས7ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ4པའི་ཚེས6ཉིན་ཨ་རིའི་ཙུང་ཐུང་ཁྲོན་ཕུས་ཕོ་བྲང་དཀར་པོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཁོང་གིས་ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས7ཉིན་གྱི་ཆུ་ཚོད20པ་ནི་དབྱི་རན་གྱིས་གྲོས་མཐུན་བཞག་ནས་ཧོར་མུའུ་ཙེ་མཚོ་འགག་སླར་ཡང་སྒོ་འབྱེད་པའི་མཐའ་མའི་དུས་ཚད་ཡིན་ཞེས་སླར་ཡང་འཇིགས་སྐུལ་བྱས།

གནས་ཚུལ་སྤེལ་བར་གཞིགས་ན། ཁྲོན་ཕུས“ཇུས་གཞི་ཆ་ཚང་ཞིག་བཟོས་ཟིན་པ”དང་། ལག་ལེན་བསྟར་མགོ་ཚུགས་ཚེ།“དབྱི་རན་ས་ཁོངས་ནང་གི་ཟམ་པ་ཚང་མ་རྦད་དེ་མེད་པར་བཟོ་རྒྱུ་དང་དབྱི་རན་ས་ཁོངས་ནང་གི་གློག་ཁང་ཚང་མ་རྦད་དེ་ནུས་པ་ཤོར་རྒྱུ་རེད”ཅེས་བཤད། ཁོང་གིས་ད་དུང་གལ་ཏེ་ཨ་རིར་འདོད་པ་ཡོད་ཚེ“རྩ་མེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་བཞི་ལས་མི་དགོས”ཤིང་།“དོན་དག་འདི་འདྲ་འབྱུང་མི་འདོད”ཅེས་བཤད།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁྲོན་ཕུས་དམག་འཁྲུག་ཛ་དྲག་ཏུ་འགྲོ་བཞིན་ཡོད་དམ་ཡང་ན་མཇུག་འགྲིལ་བཞིན་ཡོད་ཅེས་བཤད་མེད་པ་དང་། ་དབྱི་རན་ཕྱོགས་ལ་ཧུར་བརྩོན་ཆེ་ལ་འདོད་མོས་ཡོད་པའི་གྲོས་མོལ་ནང་ཞུགས་མཁན་ཞིག་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།