དེ་རིང་ནི2026ལོའི་ཟླ04པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱིས་འཇིགས་སྐུལ་དང་འབྲེལ་བ་ཡོད་པའི་མི་སྣ་བརྒྱ་ལྷག་འཛིན་བཟུང་བྱས་ནས་མཚོན་ཆ3000ལྷག་རྩད་ཆོད་པ་རེད།

2026-04-20 15:27:38   |   79

སྒྲིག་སྒྱུར།   སངས་དོན།        ཡོང་ཁུངས།   ཞིན་ཧྭ་དྲ་བ།       བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་ཟླ4པའི་ཚེས19ཉིན་འབྱོར་བའི་གློག་འཕྲིན། དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས19ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་བདེ་འཇགས་དམག་དཔུང་གིས་ཉེ་དུས་ཀྱི་བྱ་སྤྱོད་ཅིག་ནང་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་མི་སྣ100ལྷག་འཛིན་བཟུང་བྱས་པ་དང་། མཚོན་ཆ3000ལྷག་དང་། མདེའུ། གྲི་བཅས་འབོར་ཆེན་རྩད་ཆོད་པ་རེད།

གཞན་ཡང་། དབྱི་རན་གསང་འཕྲིན་ལས་ཁུངས་དང་ཉེན་རྟོག་སྡེ་ཚན་གྱིས་ད་དུང་གསང་མྱུལ་སྒྲིག་ཆས6000ལྷག་རྩད་ཆོད་པའི་ནང་རྗེས་འདེད་ཡོ་བྱད་དང་། བརྙན་ལེན་འཕྲུལ་ཆས། གསང་མྱུལ་འཚོལ་ཞིབ་ཡོ་བྱད། སྐད་སྦུག་ཆུང་གྲས་སོགས་ཡོད་པ་དང་འབྲེལ་ཡོད་དོགས་ཅན་འཛིན་བཟུང་བྱས་པ་རེད།


མཉམ་སྤྱོད།