དེ་རིང་ནི2026ལོའི་ཟླ04པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀའོ་ཧྲི་ཙོ་མེའོ་ཡིས་རྒྱལ་བདེ་ལྷ་ཁང་ལ་མཆོད་རྫས་ཕུལ་བ།

2026-04-21 17:24:35   |   56

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


འཇར་པན་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙོ་མེའོ་ཡིས་ཚེས21ཉིན“ནང་བློན་ཁང་གི་ཙུང་ལིའི་བློན་ཆེན”གྱི་མིང་ཐོག་ནས་རྒྱལ་བདེ་ལྷ་ཁང་དུ་འཛམ་གླིང་དམག་ཆེན་གཉིས་པའི་ཀ་པ་རིམ་པའི་དམག་འཁྲུག་ཉེས་ཅན་ལཀྲིན་ཧྲིནཞེས་པའི་མཆོད་རྫས་ཕུལ་བ་རེད།

རྒྱལ་བདེ་ལྷ་ཁང་ནི་ཐོ་ཁེའོ་ཆན་ཏའེ་ཐེན་ཁུལ་དུ་གནས་པ་དང་ལྷ་ཁང་དུ་ཏུང་ཐིའོ་དབྱིན་ཇི་ཚུད་པའི་འཛམ་གླིང་དམག་ཆེན་གཉིས་པའི་ཀ་པ་རིམ་པའི་དམག་འཁྲུག་ཉེས་ཅན14ཡི་འདྲ་པར་ཡོད། དུས་ཡུན་རིང་པོའི་ནང་། འཇར་པན་གྱི་ཆབ་སྲིད་པ་དང་རྒྱལ་ཚོགས་ཀྱི་གྲོས་མི་ཁག་གཅིག་གིས་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུ་རྒྱུ་མཐའ་འཁྱོངས་བྱས་པས་འཇར་པིན་རྒྱལ་ནང་གི་ཞི་བདེར་དགའ་བའི་མི་སྣ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད།


མཉམ་སྤྱོད།