དེ་རིང་ནི2026ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱིས་མའོ་ས་ཏེའི་ཡན་ལག་སྒྲིག་གཞིའི་རྐང་འཛིན་ཁོངས་མི་ཞིག་ལ་སྲོག་ཁྲིམས་བཅད།

2026-04-22 09:37:14   |   50

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་ཟླ4པའི་ཚེས21ཉིན་འབྱོར་བའི་གློག་འཕྲིན། དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་ཁྲིམས་འཛིན་སྒྲིག་གཞིས་དེ་ཉིན་ཨ་སྨིར·ཨ་ལི·སྨིར་ཅ་ཧྥ་ལི་ལ་སྒོག་ཁྲིམས་བཅད་པ་དང་ཉེས་མིང་ནི“བདེ་འཇགས་སྲུང་སྐྱོང་མི་སྣར་འཇབ་རྒོལ་བྱས་པ་དང་འབྲེལ་དབྱི་རན་མི་དམངས་ཀྱི་སྤྱི་པའི་རྒྱུ་ནོར་མེར་སྲེག་བཏང་བ”དེ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་དམིགས་བསལ་ཁྲིམས་ཁང་གིས་སྨིར་ཅ་ཧྥ་ལི་ནི་དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་ལས་སྒྲུབ་ཅུའི(མོ་ས་ཏེ)དབྱི་རན་ཡན་ལག་སྒྲིག་གཞིའི་རྐང་འཛིན་ཁོངས་མི་ཡིན་པ་ངོས་འཛིན་བྱས་པ་རེད།

དབྱི་རན་གྱི་སྨྱན་སྦྱོར་གྱིས་དེ་གོང་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ6པར་དབྱི་རན་དང་དབྱི་སི་རལ་གྱིས་དམག་མཚམས་བཞག་རྗེས་དབྱི་རན་ཕྱོགས་ཀྱིས་ཁྱབ་ཁོངས་ཆེན་པོའི་སྒོ་ནས་གསང་མྱུལ་འཚོལ་ཞིབ་དང་འཛིན་བཟུང་བྱས་ཏེ་སིམ་འཛུལ་མི་སྣ་དང་། གསང་མྱུལ་པ། གསང་མྱུལ་དྲ་རྒྱ་དང་ལྷག་པར་དུ་དབྱི་སི་རལ་གྱི་མོ་ས་ཏེ་དང་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུ་སོགས་ཕྱི་རྒྱལ་གྱི་གསང་མྱུལ་རྩ་འཛུགས་ཀྱི་མི་སྣ་དང་ལས་ཚབ་པར་རྡུང་རྡེག་དང་གཙང་སེལ་བྱས་པ་རེད། དབྱི་རན་གྱི་ཁྲིམས་འཛིན་སྒྲིག་གཞིས་ད་དུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམིགས་བསལ་ཁྲིམས་ར་བཙུགས་ནས་འབྲེལ་ཡོད་བཀག་ཉར་བྱ་ཡུལ་ཞུ་གཏུག་བྱས་པ་རེད།



མཉམ་སྤྱོད།