དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧིན་རྡུ་ཉི་ཞི་ཡའི་མེ་འཁོར་གདོང་ཐུག་ལས་མི7རྐྱེན་ལམ་དུ་ཤོར་བ་དང་མི81ལ་རྨས་སྐྱོན་ཕོག རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད།

2026-04-28 11:26:17   |   67

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ4པའི་ཚེས28ཉིན་གྱི་གློག་འཕྲིན། ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས27ཉིན་ཧིན་རྡུ་ཉི་ཞི་ཡའི་ཐུན་འགྲུལ་མེ་འཁོར་ཞིག་དང་ཐག་རིང་མེ་འཁོར་ཞིག་ཤིས་ཀཱ་ཝ་ཞིང་ཆེན་ཝུའུ་ཅ་སི་གྲོང་ཁྱེར་དུ་གདོང་ཐུག་བརྒྱབ་པ་རེད། ཚེས28ཉིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ལྕགས་ལམ་ཀུང་སིས་བརྡ་ཁྱབ་བཏང་ནས་མི7རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི81ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། སྲོག་ཉེན་བྱུང་མེད་པའི་བུད་མེད་ཞིག་གིས་གིས་ཧྥ་རན་སེ་གསར་འགྱུར་ཁང་ལ་གནས་ཚུལ་བཤད་རྒྱུར། ཐག་རིང་མེ་འཁོར་ཞིག་དང་ཁོ་མོ་ཡོད་པའི་ལམ་དུ་བསྡད་ཡོད་པའི་ཐུན་འགྲུལ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་ནས་འཁོར་སྒྲོམ་ལ་གནོད་སྐྱོན་ཕོག་ནས་འགྲུལ་པ་བཀག་སྡོམ་བྱས་ཡོད་ཅེས་བཤད་པ་རེད།

ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ལྕགས་ལམ་ཀུང་སིའི་མགྲིན་ཚབ་པས་རྐྱེན་ལམ་དུ་ཤོར་མཁན་ཚང་མ་ཐུན་འགྲུལ་མེ་འཁོར་ཐོག་ཡོད་པ་དང་ཐག་རིང་མེ་འཁོར་གྱི་འགྲུལ་པ240བདེ་འཇགས་ངང་ཁ་འགྲེམས་བྱས་ཡོད་ཅེས་བཤད་པ་རེད།

གནས་ཚུལ་སྤེལ་བའི་ནང་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་རོགས་སྐྱོབ་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་བས་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ལྕགས་ལམ་ཀུང་སིས་དོན་རྐྱེན་བྱུང་བར་དགོངས་དག་ཞུས་ཤིང་། ཉེན་རྟོག་པས་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་ཡོད།


མཉམ་སྤྱོད།