དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རི་དང་དབྱི་སི་རལ་གྱི་དྲག་རྒོལ་གྱིས་དབྱི་རན་གྱི་སྨན་བཅོས་དང་སློབ་གསོའི་སྒྲིག་བཀོད་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད།

2026-04-28 15:33:07   |   92

སྒྲིག་སྒྱུར།    སངས་དོན།      ཡོང་ཁུངས།    ཞིན་ཧྭ་དྲ་བ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་ཟླ4པའི་ཚེས28ཉིན་འབྱོར་བའི་གློག་འཕྲིན། དབྱི་རན་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས28ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2པའི་ཚེས28ཉིན་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་དམག་དོན་བྱ་སྤྱོད་སྤེལ་ཚུན་དབྱི་རན་གྱི་སྨན་བཅོས་དང་སློབ་གསོའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

གནས་ཚུལ་སྤེལ་བའི་ནང་དབྱི་རན་གྱི་འཕྲོད་བསྟེན་དང་སྨན་བཅོས་སློབ་གསོ་པུའི་པུ་ཀྲང་མུའུ་ཧན་མོ་ཏེ—ལི་ས·ཀྲ་ཧྥ་ཀན་ཏིའི་སྐད་ཆ་དྲངས་ནས་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་གྱི་སྨན་བཅོས་སྒྲིག་བཀོད་ལ་དྲག་རྒོལ་ཐེངས240ཙམ་བྱས་ནས་དབྱི་རན་གྱི་སྨན་ཁང50དང་མྱུར་སྐྱོབ་ལྟེ་གནས50ཙམ་ལ་གནོད་འཚེ་ཕོག་ཡོད་ཅེས་བཤད་པ་རེད།

དབྱི་རན་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱིས་ད་དུང་དབྱི་རན་གྱི་སློབ་གསོ་པུའི་པུ་ཀྲང་ཁཱ་ཙེ་སྨི་ཡི་སྐད་ཆ་དྲངས་ནས་ཨ་རི་དང་དབྱི་སི་རལ་གྱི་དྲག་རྒོལ་ལས་དབྱི་རན་གྱི་ས་གནས་ཁག་གི་སློབ་ཁྲིད་དང་སྲིད་འཛིན་སྒྲིག་བཀོད1300ཙམ་ལ་གནོད་འཚེ་ཕོག་ཡོད་ཅེས་གནས་ཚུལ་སྤེལ་བ་རེད། མིག་སྔར་སློབ་གྲྭ775ཉམས་གསོ་བྱས་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་མགོ་ཚུགས་ཤིང་། གཏོར་སྐྱོན་ཕོག་པའི་འཛུགས་སྐྲུན་གཞན་དག་སྔར་བཞིན་ཉམས་གསོ་བྱེད་བཞིན་ཡོད།



མཉམ་སྤྱོད།