དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-06 08:51:07   |   694

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞིང་ལས་དང་གྲོང་གསེབ་པུའི་གྲོ་འཕྲུལ་ཆས་ཀྱིས་བསྡུས་པའི་བཀོད་གཏོང་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུ་བྱེད་ཚད་བཅུ་ཆ་བཞི་ལས་བརྒལ་ཡོད།

  • ཀྲུང་གོའི་དངོས་རྒྱུག་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་ལྔ་པར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་སྟོན་གྲངས100.7%ཟིན་པ་དང་། མར་ཆག་མཚམས་བཞག་ནས་ཡར་འཕར་བ་མངོན་འགྱུར་བྱུང་ཡོད།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་ལས་དང་འབྲེལ་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི53.16ཟིན་པ་དེ་དུས་མཚུངས་ལས16.4%འཕར་བ་དང་། ཉེ་བའི་ལོ་ཤས་རིང་གི་འཕར་ཚད་མཐོ་ཤོས་བཏོད་ཡོད།

  • 2023ལོའི་རྒྱལ་ཁབ་ཀྱི་ཡིག་རྒྱུགས་གསབ་བསྡུ་དེ་རིང་ནས་བཟུང་མིང་ཐོ་འགོད་མགོ་བརྩམས་པ་དང་། མི3249བསྡུ་རྩིས་འདུག

    微信图片_20230606090007.jpg

  • ཚེས5ཉིན། རྒྱལ་ཁབ་རང་བྱུང་རྟེན་མཛོད་ཁང་དེ་པེ་ཅིང་དུ་བྱང་ཡོལ་བླངས་པ་དང་། དེ་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པ་དང་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་རྟེན་མཛོད་ཁང་གཅིག་པུ་ཡིན།

  • ཀྲུང་གོ་དང་ལ་ཝོ་སིའི་ལྕགས་ལམ་ཤར་གཏོང་དང་སྐྱེལ་འདྲེན་བྱེད་མགོ་བརྩམས་ནས་ཟླ་བ18འགོར་བ་དང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི1640དང་དངོས་ཟོག་ཏུན་ཁྲི2100སྐྱེལ་འདྲེན་བྱས་ཡོད།

  • དབྱི་རན་ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། སོ་ཏི་ཨ་རབ་ཏུ་བཅའ་སྡོད་བྱེད་པའི་དབྱི་རན་གྱི་གཞུང་ཚབ་ཁང་གི་སྒོ་ས་གནས་དེ་གའི་ཟླ6པའི་ཚེས6དང་ཚེས7ཉིན་སླར་ཡང་འབྱེད་རྒྱུ་རེད།

སྤྱི་ཚོགས།

  • གཟའ་འཁོར་འདིའི་ནང་རང་རྒྱལ་གྱི་བྱང་ཕྱོགས་ཀྱི་དྲོད་ཚད་རིམ་བཞིན་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་། ཧྲན་ཏུང་། ཧོ་ནན་སོགས་ས་ཆ་མང་པོར་ཧྲེ་ཧྲི་ཏུའུ35ཡན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་འདུག

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་སོགས་ཀྱིས་ཡིག་ཆ་བཀྲམ་ནས“དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་སའི་སྒྲིག་བཀོད་མཐོར་འདེགས་གཏོང་བའི་བྱེད་སྒོ”སྤེལ་མགོ་བརྩམས།

  • ནོར་སྲིད་པུས་གེགས་སེལ་མ་དངུལ་སྒོར་དུང་ཕྱུར2འཕྲལ་མྱུར་གྱིས་བཏང་སྟེ། ཧོ་ནན་ཞིང་ཆེན་གྱིས་གྲོ་མྱུར་བསྡུ་དང་འབྲུ་རིགས་རློན་པ་སྐམ་པ་སོགས་གནོད་འཚེ་དང་གྱོང་གུན་ཇེ་ཆུང་དུ་གཏོང་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རྒྱབ་སྐྱོར་བྱས།

    微信图片_20230606090014.jpg

  • ཚེས4ཉིན། ལས་ཐོག་ཉེས་གསོག་གི་ཕྱིར་བྲོས་མི་སྣ་དང་། དེ་སྔའི་ཆིང་ཏོ་ཏུང་ཅེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་སྤྱི་གཉེར་གྱི་རྐང་གཉེར་དབུ་གཙོ་སུའུ་མོ་ཧྲེང་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས།

  • རང་རྒྱལ་གྱི་མཁས་པས་དོས་དྲག་རང་བཞིན་གྱི་གཟའ་ནད་སྨན་བཅོས་ཁྱབ་ཁོངས་སུ་ཐོལ་བརྒལ་གྱི་གྲུབ་འབྲས་བླངས་པ་དང་། ཁྲག་ཆད་རང་བཞིན་གྱི་གཟའ་ནད་སྨན་བཅོས་བྱེད་པར་ཐབས་ཤེས་གསར་བ་མཁོ་འདོན་བྱས།

  • ཡུན་ནན་ལིན་ཚང་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་རླངས་འཁོར་ནང་ཉར་ཚགས་དང་། GPSགནས་ཐིག་གཏན་འཁེལ་བྱས་ནས་རྗེས་འདེད་བྱེད་པའི་དུག་ཚོང་གྱོད་གཞི་ཞིག་རྩད་ཆོད་པ་དང་། དུག་རྫས་སྤྱི་རྒྱ9.67གཞུང་བཞེས་བཏང་།

640.gif

  • ཀྲེ་ཅང་ཧུའུ་ཀྲོའུ་ཡི་རླངས་འཁོར་ཞིག་མྱུར་བགྲོད་གཞུང་ལམ་ཐོག་མགོ་རྟིང་སློག་པ་དང་། འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ཁ་ལོ་བ་དང་འགྲུལ་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་ནས་བབས་ཏེ་རོགས་སྐྱོབ་བྱས་པས་སྐར་མ་གཉིས་མ་འགོར་བར་རླངས་འཁོར་ནང་གི་མི་བདུན་པོ་ཚང་མ་བསྐྱབས།

སྲིད་ཇུས།

  • ཉིང་ཞ་ཡིས་ལས་བཟོའི་སྨན་སྐྱོབ་ཀྱི་མི་སྒེར་གྱི་རྩིས་ཁྲའི་གཏོང་སྤྲོད་ཁྱབ་ཁོངས་རྒྱ་ཆེར་བཏང་བ་སྟེ། མི་སྒེར་གྱི་རྩིས་ཁྲ་དེ་ཁྱིམ་ཚང་གི་ཁོངས་མིའི་དབར་ཕན་ཚུན་མཉམ་སྤྱོད་བྱེད་ཆོག

  • ཧོ་པེ་ཡིས་གནས་སྐོར་གྱི་གནམ་གྲུ་སྒྲིལ་གླ་དང་། མེ་འཁོར་སྒྲིལ་གླ། གྲུ་སྒྲིལ་གླ་སོགས་ཀྱི་རྣམ་པས་འགྲུལ་པ་ཧོ་པེ་རུ་ནང་འགུག་བྱས་པའི་གནས་སྐོར་ལས་དོན་ཁང་ལ་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ་ཁ་གསལ་བཏོན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད་དང་། ཡུན་ནན་གྱི་དབུས་ཤར་རྒྱུད། ཧྭ་ལྷོའི་ས་ཆ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། ཧེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པ་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།

    微信图片_20230606090025.jpg


མཉམ་སྤྱོད།