དེ་རིང་ནི2025ལོའི་ཟླ01པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-07 09:02:47   |   4166

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་པ་ཡན་ཀྲོར་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་དང་། ཐང་རྒོད་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་།

  •  དེ་རིང་རྒྱུགས་སྤྲོད་སློབ་མ་ཁྲི1291རྒྱུགས་རར་བསྐྱོད་དེ2023ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ནང་ཞུགས་རྒྱུ་རེད།

  • ཚེས6ཉིན། མཁའ་གྲུ་ཨང་ལྔ་པའི་ཟོག་འདྲེན་འཕུར་གྲུ་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཚོགས་པ་དང་སླར་ཡང་སྦྲེལ་མཐུད་བྱེད་པ་ལེགས་འགྲུབ་བྱུང་། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས2023ལོའི་ཉིན་བརྒྱའི་རིང་གི་གདན་འགུག་ཁྲི་སྟོང་གི་ཆེད་དོན་བྱེད་སྒོ་སྤེལ་བའི་མགོ་བརྩམས་པ་དང་། ཉིན100ཡི་ནང་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་ཚོགས་སྐོར་གཅིག་སྡུད་ཐོག་ལས་ཞུགས་ལས་གནས་ཁྲི་སྟོང་ལྷག་མཁོ་འདོན་བྱ་རྒྱུ་རེད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 5Gཚོང་སྤྱོད་བྱས་ནས་ལོ་འཁོར་བཞི་འགོར་བ་དང་རྒྱལ་དམངས་དཔལ་འབྱོར་རིགས་ཆེ་གྲས97གྱི་ཁྲོད་ཀྱི་རིགས60ནང་འདྲེས་ཡོད།

    1.jpg

  • ཚེས6ཉིན། རང་རྒྱལ་གྱིས་བཟོས་པའི་སྦྲག་གྲུ་ཆེ་གྲས་ཐོག་མ་སྟེ“ཨེ་དཱ་མོ་ཏུའུ་རྟགས་ཅན”གྲུ་ས་ནས་གྲུ་སྐྱོད་བྱས་པ་དང་། ཕྱོགས་ཡོངས་ནས་གྲུ་ཁའི་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད།

  • ཨ་རི་ཕྱོགས་ཀྱིས་ཕྱིར་འཚོང་སྒྲིག་ཆས་ཧྥུན་ཐེ་ཉི(芬太尼)དང་འབྲེལ་བ་ཡོད་པར་ཁ་གཡར་ནས་ཀྲུང་གོའི་ཚོགས་པ་དང་མི་སྒེར་ལ་སྡོམ་གཅུན་བྱས། རང་རྒྱལ་གྱི་ཚོང་དོན་པུས་ཨ་ལན་སློག་པ་སྟེ། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་གོའི་ཁེ་ལས་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

  • ཚེས6ཉིན། ཀྲུང་གོ་དང་ཨུ་རུ་སུའི་དམག་དཔུང་གཉིས་ཀྱིས་འཇར་པན་རྒྱ་མཚོ་དང་ཤར་རྒྱ་མཚོའི་འབྲེལ་ཡོད་བར་སྣང་ཁྱབ་ཁོངས་སུ་མཉམ་འབྲེལ་མཁའ་ཐོག་འཐབ་ཇུས་སྐོར་ཞིབ་ཐེངས་དྲུག་པ་ལག་ལེན་བསྟར་རྒྱུ་རྩ་འཛུགས་བྱས། 

སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་ནང་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧོ་ནན་སོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ35ཡན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་འདུག་པ་དང་།  ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ37ལས་བརྒལ་རྒྱུ་རེད།

  • ཀྲུང་གོ་གནམ་གཤིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་འབྲུབ་དུས་གཙོ་བོ་དང་གནོད་འཚེ་འབྱུང་མང་བའི་དུས་སུ་སླེབས་ཡོད།

  • ཚེས6ཉིན་གྱི་ཆུ་ཚོད17བར་དུ་ཧོ་ནན་ཞིང་ཆེན་གྱིས་གྲོ་མུའུ་ཁྲི6226བརྔ་བསྡུ་བྱས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་གྱི73%ཟིན་ཡོད།

    2.jpg

  • ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་དུས་ཐེངས་དང་པོའི་མི24ཡི་རུབ་སྦྱོང་མིང་ཐོ་ཁྱབ་བསྒྲགས་བྱས།

    3.jpg

  • ནང་སོག་གི་པར་ཧུའུ་ཙོ་ཆི་གསར་པར་སྨུག་པོ་སྦལ་རྒྱབ་ཀྱི་བྲག་བརྐོས་ཚོན་རིས་མ་རྙེད་པ་དང་། དེས་ཧུའུ་ལུན་པེར་རྩྭ་ཐང་རྒྱུད་དུ་བྲག་བརྐོས་རི་མོ་རྙེད་མ་མྱོང་བའི་སྟོང་ཆ་བསྐངས།

  • ཧུའུ་པེ་སྤྱི་བདེ་ཡིས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ཚོགས་པ་ཞིག་མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན34འཛིན་བཟུང་བྱས།

    640.gif

  • ཅང་སུའུ་ཞུས་ཀྲོའུ་ཞིན་དབྱི་ཡི་འབས་ཚུགས་ལྷོ་མ་རུ་སྐྱེས་པ་ཞིག་ལྕགས་ར་ལས་བརྒལ་ནས་རང་སྲོག་གཅོད་པར་བརྩམས་པ་ན། མི་དམངས་ཉེན་རྟོག་པ་སུང་ཡུང་ཧྥུང་དང་ཡུས་ཧོ་པིན་གཉིས་མགྱོགས་མྱུར་གྱིས་མདུན་དུ་བསྐྱོད་ནས་སྐྱེས་པ་དེ་བཟུང་བ་དང་། བརྒྱུད་རིམ་ཧྲིལ་པོར་སྐར་ཆ་བཞི་ལས་འགོར་མེད།

སྲིད་ཇུས།

  • པེ་ཅིང་གིས་འཛིན་ཤོག་མེད་པའི་བོགས་གཏོང་ཁང་བས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལས་དངུལ་ལེན་པའི་དངུལ་གྲངས་སྒོར2000བར་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན།

  • ཅང་ཞིས་བྱེད་ཐབས་བཏོན་ནས་གནའ་བོའི་སྨན་སྦྱོར་གྲགས་ཅན་དང་ཅང་ཞིའི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་སྨན་རྫས་དང་བསྡེབ་སྨན་སོགས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས།

  • ཨན་ཧེ་ཡིས་ཁེ་ལས་ཀྱིས་གསར་དུ་བསྡུས་པའི་མི་སྣར་ལས་གནས་སུ་མ་ཞུགས་གོང་གི་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱེད་པ་དང་། གསོ་སྦྱོང་ཚད་དང་མཐུན་པའི་མི་གྲངས་དང་མི་རེར་སྒོར800ཡི་ཚད་གཞི་ལྟར་ཁེ་ལས་ལ་གསོ་སྦྱོང་ཁ་གསབ་སྤྲོད་རྒྱུ་ཁ་གསལ་བཏོན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། སི་ཁྲོན་གྱི་ནུབ་བྱང་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཅང་ཞིའི་བྱང་ཤར་རྒྱུད། ཧྥུ་ཅན་གྱི་བྱང་རྒྱུད། ཀོང་ཞིའི་ནུབ་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་གི་ལྷོ་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་དང་། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

    4.jpg


མཉམ་སྤྱོད།