དེ་རིང་ནི2024ལོའི་ཟླ12པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-08 08:55:40   |   4057

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་དེ་ཟླ6ཚེས7ཉིན་གྱི་ཕྱི་དྲོར་ཧྲེན་ཀྲེན་དུ་མགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧུང་ཏུ་ལ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་དབྱི་ལི་སི·ཞི་ཨོ་མ་ལ·ཁཱ་སི་ཐེ་ལོ·སཱ་མན་ཐོ(伊丽丝·希奥玛拉·卡斯特罗·萨缅托)ཡིས་ཟླ6ཚེས9ནས་ཚེས14ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • 2023ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཚེས7ཉིན་རྒྱུགས་ལེན་པའི་མགོ་བརྩམས། ད་ལོར་རྒྱལ་ཡོངས་སུ་རྒྱུགས་སྤྲོད་སློབ་མ་ཁྲི1291གིས་མཐོ་རྒྱུགས་ལ་མིང་ཐོ་བཀོད་པ་དང་། ཁྱོན་སྡོམ་རྒྱུགས་ར་ཁྲི34.5བཙུགས་ཡོད།

  • ཞིང་ལས་གྲོང་གསེབ་པུ་དང་ལུས་རྩལ་སྤྱི་ཁྱབ་ཅུ་ཡིས་ཡིག་ཆ་བཀྲམ་སྟེ། རྒྱལ་ཡོངས་འཆམ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་བརྗོད་བྱ་བྱས་པའི་གྲོང་གསེབ་ཀྱི་ལག་རྩེད་སྤོ་ལོའི་འགྲན་སྡུར་ཆེན་མོ(གྲོང་ཚོBA)སྒྲིག་འཛུགས་བྱ་རྒྱུའི་གཏན་འབེབས་བྱས།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི16.77ཟིན་པ་དེ་དུས་མཚུངས་ལས4.7%འཕར་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་ལྔ་པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར31765ཟིན་ཡོད།

1.jpg

  •  ཚེས7ཉིན། ཤུགས་མདའ་ཨང་དང་པོའི་རྒྱང་རིང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། “མདའ་གཅིག་དང་སྲུང་སྐར26”གི་བྱེད་ཐབས་སྤྱད་དེ་ཐེག་ཁྱེར་བྱས་པའི་ཚོད་ལྟའི་སྲུང་སྐར་དེ་སྔོན་བཀོད་འཁོར་ལམ་དུ་བདེ་བླག་ངང་བསྐྱལ།

  • ཚེས7ཉིན། ཀྲུང་གོ་དང་ཨུ་རུ་སུའི་དམག་དཔུང་གཉིས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་ནུབ་རྒྱུད་ཀྱི་བར་སྣང་ཁྱབ་ཁོངས་ཀྱི་བར་སྣང་འཐབ་ཇུས་མཉམ་འབྲེལ་སྐོར་ཞིབ་ཐེངས་དྲུག་པའི་དུས་མཚམས་གཉིས་པའི་ལས་འགན་ལེགས་འགྲུབ་བྱུང་།

  • འཛམ་གླིང་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ད་ལོར་ཀྲུང་གོའི་དཔལ་འབྱོར5.6%འཕར་རྒྱུ་ཡིན་པ་དང་། ཟླ་དང་པོའི་སྔོན་དཔག་ལས་བརྒྱ་ཆའི་གྲངས1.3མཐོ་རུ་ཕྱིན་ཡོད།

སྤྱི་ཚོགས།

  • དེ་རིང་ཧེ་ལུང་ཅང་དང་ཅི་ལིན་སོགས་ཞིང་ཆེན་བརྒྱད་ཀྱི་ས་ཁུལ་ཁ་ཤས་སུ་ཐོག་དང་རླུང་ཆེན་པོ་དང་། ཡང་ན་སེར་བ་འབབ་པའི་གནམ་གཤིས་འདུག ཤིན་ཅང་དང་ཧོ་པེ་སོགས་སུ་དྲོད་ཚད་མཐོ་བའི་གནམ་གཤིས་འདུག 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར2061བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས7%འཕར་ཡོད།

  • གཞི་གྲངས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་བརྙན་ཐུང་སྤྱོད་མཁན་གྱི་རྒྱ་ཁྱོན་དུང་ཕྱུར10.12ཟིན་ཡོད།

    2.jpg

  • ཚེས6ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལུའུ་ཡོན་ཅིའུ་ནད་གཞི་ཡི་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་པེ་ཅིང་དུ་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ103ཡིན།

  • འཛམ་གླིང་ཐའེ་ཆིའུ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས6ཉིན་གསལ་བསྒྲགས་སྤེལ་བ་སྟེ། སྤོ་ལོ་རྫུན་མ་རྒྱབ་ཅེས་གཞན་གྱིས་ཉེས་འཛུགས་བྱས་པའི་ཀྲུང་གོའི་སྤོ་ལོ་རྒྱག་མཁན10ལ་ཆད་པ་བཅད། དེ་དག་ལས་ལེའང་ཝུན་པོ་དང་ལི་ཞིན་གཉིས་ལ་ཚེ་གང་འགྲན་སྡུར་ནང་ཞུགས་མི་ཆོག་པའི་ཆད་པ་བཅད།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་འཇིག་རྟེན་ཁྲོད་ཀྱི་ཆེས་གནའ་བོའི་བརྟན་སྐར་གྱི་རྗེས་ཤུལ་ཤེས་རྟོགས་བྱུང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་དྲ་ལམ《རང་བྱུང》སྟེང་སྤེལ་ཡོད།

    5.gif

  • ཚེས7ཉིན། ཡུན་ནན་ལི་ཅང་གི་ཧྭ་ཕིང་བུད་མེད་མཐོ་འབྲིང་གི་སློབ་གཙོ་ཀྲང་ཀུའེ་མེ་ཡིས་མཐོ་གསུམ་གྱི་སློབ་མ་རྣམས་རྒྱུགས་རའི་ནང་བསྐྱལ་བ་དང་། དེ་ནི་ཁོ་མོས་རྒྱུགས་སྤྲོད་སློབ་མ་སྐྱེལ་མ་བྱེད་པ་རྒྱུན་འཁྱོངས་བྱས་པའི་ལོ་བཅུ་གསུམ་པ་ཡིན།

སྲིད་ཇུས།

  • པེ་ཅིང་གིས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གློག་གསོག་པའི“གཅིག་གྱུར་འཛུགས་སྐྲུན་དང་གཅིག་གྱུར་ཞབས་ཞུའི”ཚོད་ལྟའི་ལས་ཀའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། “གློག་གསོག་ཕུར་བུ་འཚོལ་བའི་བར་ཐག་སྨི500ལས་མི་བརྒལ་བ་དང་། ཞབས་ཞུའི་གྲོན་དངུལ་སྒོར0.5ལས་མི་མཐོ་བ། གྲལ་སྒྲིག་དུས་ཚོད་སྐར་མ5ལས་མ་འགྱང་བའི”ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། 

  • ཧྲན་ཞིས་ཉར་གསོ་བྱས་པའི་བྱིས་པ་ལོ18ལ་མ་སླེབས་གོང་གཞི་རྩའི་སྨན་བཅོས་གུན་སྐྱོབ་དང་། ནད་ཆེན་གུན་སྐྱོབ། སྨན་བཅོས་རོགས་སྐྱོབ་སོགས་སྨན་བཅོས་འགན་སྲུང་གི་ཐོབ་ཐང་མུ་མཐུད་དུ་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཏོན།

  • ཅང་སུའུ་ཡིས་ཡང་བསྐྱར་སྤེལ་བའི་འགྲེམ་ཚོགས་བྱེད་སྒོ་ཡི་རྣམ་གྲངས་ཀྱི་སྔོན་རྩིས་དེ་རྩ་དོན་ཐོག་སྐབས་གོང་མ་ལས་མཐོ་མི་རུང་ཞེས་ཁ་གསལ་བཏོན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད། ཧྭ་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཅང་ཞིའི་བྱང་རྒྱུད་དང་། ཀྲེ་ཅང་གི་དབུས་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

3.jpg


མཉམ་སྤྱོད།