དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་རྫོང་སྲིད་གཞུང་གཞུང་ལས་ཁང་མཐོན་པོ་སྒང་དུ་བསྐྱོད་པ།

2023-06-08 16:24:19   |   11344

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། རྫོང་སྲིད་གཞུང་གཞུང་ལས་ཁང་ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་ལས་བྱེད་ལས་བཟོ་བ་ཁྱོན35སྒྲིག་འཛུགས་བྱས་ཏེ་སྔ་རྗེས་སུ་མཚོ་བྱང་ཁུལ་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་སློབ་རྟེན་གཞི། མཚོ་སྔོན་མ་རྡུལ་མཁར་རྗེས་དྲན་གླིང་། མཚོ་བྱང་ཁུལ་དུས་རབས་དཔེ་བཟང་རྗེས་དྲན་གླིང་བཅས་སུ་བསྐྱོད་དེ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ། ཐེངས་འདིར་གཞུང་ལས་ཁང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་སློབ་གསོའི་རྟེན་གཞིར་བསྐྱོད་ནས་རང་རྟོགས་ཀྱིས་བསམ་བློའི་ཉམས་སད་དང་ལེན་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་པའི་གོ་རིམ་ཁྲོད་སྲིད་གཞུང་གཞུང་ལས་ཁང་གིས་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་བྱས།

1.jpg

མཚོ་བྱང་ཁུལ་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དུ་ཕྱིན་པ། “དུས་རབས་གོང་མའི་ལོ་རབས60པར། དཔའ་བོའི་དཔུང་སྡེ་ཁག་བློ་སེམས་འགྱུར་མེད་ཀྱིས་ས་བབ་མཐོ་ཚད་སྨི4024ཡོད་པའི་མཐོན་པོ་སྒང་དུ་ཡོང་ནས། རྟེན་གཞི་སྲུང་སྐྱོང་གི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་བླངས”། མཐོན་པོ་སྒང་གི་དམག་སྒར་སྒྱོགས་སྟེགས་རྗེས་ཤུལ་དུ་འགྲེལ་བཤད་པས་ཚང་མར་དམག་མི་དཔའ་བོས་མཐོན་པོ་སྒང་དམ་པོར་སྲུང་བའི་གསར་བརྗེའི་འདས་དོན་གླེང་། སྤྲོ་སེམས་རབ་ཏུ་འབར་བའི་ལོ་ཟླ་དེའི་ནང་། མི་དམངས་དམག་མིས་ཀྲུང་གོ་གསར་བ་སྐྱོབ་པའི་རེ་འདུན་གྱིས་མཐོན་པོ་སྒང་དུ་བར་སྣང་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས། དུས་རབས་གསར་བའི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་གསར་བརྗེའི་སྙིང་སྟོབས་སློབ་སྦྱོང་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས། དཀའ་སྒྲུབ་དངོས་སྒྲུབ་དང་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་རྣམ་འགྱུར་དང་ནམ་ཡང་ལྷོད་གཡེང་མེད་པའི་བསམ་པའི་ཉམས་འགྱུར་གྱིས་དུས་རབས་གསར་བའི་འཐབ་ལམ་སྟེང་འབད་འཐབ་ཀྱི་རྗེས་ཤུལ་འཇོག་དགོས།

2.jpg

མཚོ་སྔོན་གྱི་མ་རྡུལ་མཁར་རྗེས་དྲན་གླིང་དུ་ཕྱིན་པ། “ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ་སྟེ། ས་ཁྲའི་ཐོག་ནས་ལོ36རིང་ལྐོག་ཏུ་གྱུར་བའི་ས་ཆ། ‘གསེར་དངུལ་ཐང’ཞེས་པའི་ས་མིང་སྟོང་བར་གྱུར་ཞིང་ཤུལ་དུ་བཞག་པའི་ཚབ་རྟགས‘221’ལས་མེད། ས་བབ་མཐོ་ཚད་སྨི3000ནི་མི་མང་པོ་ཞིག་ལ་རྫ་སྡུག་འབྱུང་བའི་མཚམས་ཡིན། ཀྲུང་གོའི་རྩེར་སོན་ཚན་རིག་མཁས་ཅན་བརྒྱ་ཕྲག་ལྷག་དང་། སློབ་ཆེན་སློབ་མ་སྟོང་ཕྲག་དུ་མ། ལས་བཟོ་བ་དང་བཅིངས་འགྲོལ་དམག་གི་འཐབ་མོ་བ་ཁྲི་ཕྲག་མང་པོ་བཅས་གནས་འདིར་སླེབས་ཤིང་། རུས་སྦས་མིང་སྐོང་གི་འབད་འཐབ་ལོ་ངོ30ལྷག་ལ་བྱས་ཏེ་གསེར་དངུལ་ཐང་ཀྲུང་གོ་གསར་བའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་ཐོག་དང་པོར་བསྐྲུན། དེ་ནི་མིང་དོན་དང་མཚུངས་པའི“མ་རྡུལ་མཁར”ཡིན། ཏང་ཡོན་ལས་བྱེད་པ་འགྲེལ་བཤད་པས་གོམ་སྟབས་དང་ལྷན་དུ། རྩ་ཆེའི་པར་རིས་གཅིག་གཅིག་བཞིན་བལྟས་ཤིང་། ཡི་གེའི་གསལ་བཤད་རེ་རེ་བཞིན་བཀླགས། “221”གི་བཟོ་གྲྭའི་གཏམ་རྒྱུད་ཚན་པ་རེ་རེ་ལ་ནན་ཏན་ངང་ཉན། “ལོ་རྒྱུས་ཀྱི་གདམ་ག་དང་། དཀའ་སྤྱད་ལས་གཏོད། སྤོབས་པས་རི་མཐོར་འཛེག་པ། ཤར་ཕྱོགས་ཀྱི་སྒྲ་ཆེན་པོ། སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད”བཅས་ནང་དོན་ཁག་ལྔ་བརྒྱུད། ལོ་སུམ་ཅུ་ལྷག་ལ་བཀག་སྡོམ་བྱས་པའི་དམག་དོན་བཀག་སྡོམ་ཁུལ་གྱིས་ལེགས་པར་གྲུབ་པའི་དམིགས་བསལ་ལས་འགན་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་ཆབས་ཅིག མདེལ་གཉིས་ཀྱི་ལག་རྗེས་དཔའ་བོ་དང་རྒྱ་ཆེའི་ཚན་ཞིབ་མི་སྣས་གསེར་དངུལ་ཐང་རྩྭ་ཐང་དུ“མདེལ་གཉིས་སྐར་གཅིག”ཞིབ་བཟོའི་དཀའ་སྡུག་འབད་འཐབ་དང་། གཞན་ཕན་ལྷག་བསམ་གྱི་སྙིང་སྟོབས་དང་རྒྱལ་གཅེས་བརྩེ་དུང་གཏིང་ཟབ་ངང་ཚོར་ཐུབ།

3.jpg

མཚོ་བྱང་ཁུལ་དུས་རབས་དཔེ་བཟང་དྲན་གསོ་ཁང་དུ་ཕྱིན་པ། འགྲེམ་སྟོན་ཚོམས་ཆེན་ཡོངས“ཕུགས་འདུན་དོན་གཉེར་བྱེད་པའི་ལྷག་བསམ”“ཟོལ་མེད་ཀྱི་སྤྱི་ཞབས་བརྩེ་བ”“ཚེ་སྨད་ལྗང་བསྒྱུར་དོན་དུ་གཞོལ”“སྤྱོད་བཟང་གནམ་འོག་ཀུན་ཏུ་ཁྱབ”བཅས་ཁག་བཞིའི་ཆ་ཤས་བདུན་ནས་བློ་མཐུན་སྐལ་བཟང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་དཀའ་སྤྱད་འབད་འཐབ་བྱས་པའི་འོད་སྟོང་བརྒྱུད་རིམ་ཕྱོགས་ཡོངས་ནས་མངོན་པ་དང་། བློ་མཐུན་སྐལ་བཟང་གིས་ཏང་ལ་བློ་སེམས་དཀར་བ་དང་། དམངས་ལ་གཅེས་པ། སྒེར་དོར་སྤྱི་གཉེར། དཀའ་སྤྱད་འབད་འཐབ་བཅས་ཀྱི་སྙིང་སྟོབས་མངོན་ཡོད། རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིས་བྱེད་སྒོ་མཇུག་སྒྲིལ་རྗེས། “ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་འབྲོག་པའི་ཧྲིན་ཀྲང་སྐལ་བཟང་གི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་རྣམ་ཅན་གྱི་ལས་དོན་ཞིག་ཏུ་གྱུར་ཡོད་ལ། དེ་རིང་ཐོག་དང་པོར་དུས་རབས་དཔེ་བཟང་རྗེས་དྲན་གླིང་དུ་བསྐྱོད་ནས་ཡིག་ཆ་དང་རྗེས་ཤུལ་རེ་རེ་དང་། རྩ་ཆེའི་པར་རིས། མཛའ་བརྩེའི་འགྲེལ་བཤད་བྱས་པ་བརྒྱུད། དངོས་སུ་བློ་མཐུན་སྐལ་བཟང་གིས་བརྒྱུད་པའི་གཏམ་རྒྱུད་རེ་རེ་ཉམས་སུ་མྱོང་ཐུབ་པ་བྱུང་། དུས་རབས་ཀྱི་དཔེ་བཟང་སྐལ་བཟང་གི་དཀའ་སྤྱད་འབད་འཐབ་དང་གུས་གཟབ་བཀུར་བརྩོན་གྱི་ཆབ་སྲིད་གཤིས་རྒྱུད། འགན་འཁྲི་འཁུར་ཕོད་པ་དང་གཞན་ཕན་ལྷག་བསམ་གྱི་བླ་མེད་མི་གཤིས། དམངས་ལ་བདེ་སྐྱིད་བསྐྲུན་པ་དང་སྤྱོད་གཙང་གཞུང་དྲང་གི་སྤྱི་ཞབས་པའི་རང་བཞིན། ད་དུང་མི་ཚེ་ཕ་ཡུལ་ལ་བསྟིམས་པའི་ལྷག་བསམ་དཀར་པོ་དང་འགན་འཁུར་ཕོད་པའི་སྙིང་སྟོབས་བཅས་ལ་མྱོང་ཚོར་ཟབ་མོ་བྱུང་། འབྲོག་པའི་ཧྲིན་ཀྲང་སྐལ་བཟང་གི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ། སྐྱེས་འབུལ་བཅས་ཀྱི་སྙིང་སྟོབས་གྱིས་ཏང་ཡོན་ལས་བྱེད་པར་རྟག་ཏུ་བློ་སེམས་དཀར་བོ་དང་ཏང་ཡོན་གྱི་རང་གཤིས་ནམ་ཡང་བསྲུང་བར་འབོད་སྐུལ་དང་སྐུལ་ལྕག་ཐེབས་བཞིན་ཡོད།


མཉམ་སྤྱོད།