དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་ལ་གཞོགས་འདེགས་གང་ལེགས་བྱས་པ།

2023-06-08 17:20:41   |   1618

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


图片2.png

མདའ་བཞི་རྫོང་གི2023ལོའི་མཐོ་རྒྱུགས་བདེ་བླག་ཡོང་བར་འགན་ལེན་དང་མཐོ་རྒྱུགས་ཁོར་ཡུག་སྔར་ལས་ལེགས་སུ་གཏོང་བ། རྒྱུགས་སྤྲོད་ས་ཚིགས་ཉེ་འཁོར་གྱི་སྒྲིག་ལམ་ལ་ཤུགས་བསྣན་ནས་རྒྱུགས་སྤྲོད་སློབ་མར་རྒྱུགས་རའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། མདའ་བཞི་རྫོང་གི་སྡེ་ཁག་སོ་སོས་རང་ངོས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་ཞབས་ཞུའི་འགན་ལེན་ཡག་པོ་བསྒྲུབས་ནས་མཐོ་རྒྱུགས་སློབ་མར་རོགས་འདེགས་གང་ལེགས་བྱས།

མཐོ་རྒྱུགས་སྔོན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱ་ཆེད། ཟླ6པའི་ཚེས5ཉིན། མདའ་བཞི་རྫོང་འཕྲོད་བསྟེན་ཁྲིམས་འཛིན་རུ་ཆེན་གྱི་ལས་དོན་མི་སྣ་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་རུ་སོང་ནས་རྒྱུགས་རའི་སློབ་ཁང་དུ་རླུང་རྒྱུ་བ་དང་སློབ་ཁང་ཕྱི་ནང་དུག་སེལ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སློབ་མའི་ནད་གཞི་རྗེས་འདེད་ཐོ་འགོད་དང་འགོས་ནད་སྔོན་འགོག་དྲིལ་སྒྲོག་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་བྱས་ནས་མཐོ་རྒྱུགས་བདེ་བླག་ཡོང་བར་འགན་ལེན་བྱས། དེ་དང་ཆབས་ཅིག་སློབ་གྲྭའི་ཉེ་འཁོར་གྱི་མགྲོན་ཁང་ལ་འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར་ཡོད་མེད་དང་ལས་གཉེར་གནས་ཚུལ། མགྲོན་ཁང་གི་རླུང་རྒྱུག་གནས་ཚུལ། སྤྱི་པའི་མཁོ་ཆས་དུག་སེལ་དང་བརྗེ་སྤར་གནས་ཚུལ། འཕྲོད་བསྟེན་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཚུལ་སོགས་གཙོར་བཟུང་ནས་ཞིབ་བཤེར་བྱས་ཏེ། དུས་བདེའི་མཐོ་རྒྱུགས་དང་བདེ་ཐང་མཐོ་རྒྱུགས། སེམས་དྲོད་མཐོ་རྒྱུགས་བཅས་མངོན་འགྱུར་བྱས་ཏེ་མགྲོན་ཁང་གི་འཕྲོད་བསྟེན་བླང་བྱ་ཚད་ལྡན་ཡོང་བར་འགན་ལེན་བྱས།

མཐོ་རྒྱུགས་སྔོན་ལ། སློབ་མ་ཚོས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་བསྐྱར་སྦྱོང་བྱས་པས་ངལ་གསོའི་དུས་ཚོད་མི་འདང་བ་དང་བསམ་པའི་གནོན་ཤུགས་ཆེ་བ། བཟའ་བཏུང་ཆ་སྙོམས་མིན་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཡིག་རྒྱུགས་སྔོན་ལ་ཕྱོགས་བསྡུས་ནད་གཞི་འབྱུང་བཞིན་ཡོད། དེར་བརྟེན་མདའ་བཞི་རྫོང་མི་དམངས་སྨན་ཁང་གིས་མཐོ་གནོན་གསོ་རླུང་སྨན་བཅོས་བྱེད་ཐབས་སྤྱད་པ་བརྒྱུད་སློབ་མ་ཚོར་གཉིད་ཆག་པ་དང་ཀླད་པའི་གནོན་ཤུགས་ཆུང་དུ་གཏོང་བ། སློབ་སྦྱོང་གི་བསམ་པའི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ། སེམས་ཤུགས་འཕེལ་བ་བཅས་ཀྱི་རྣམ་པ་ཞིག་ཆགས་སུ་བཅུག་པ་མ་ཟད། རྒྱུགས་སྤྲོད་སློབ་མར་རྣ་རྩ་མནོན་པའི་བྱེད་ཐབས་སྤྱད་ནས་སློབ་མ་སེམས་ལྷོད་དང་བློ་རྩེ་གཅིག་སྒྲིམ་གྱིས་རྒྱུགས་རར་ཞུགས་པར་རམ་འདེགས་བྱས།

བསྟུད་མར་ཉིན་འགའི་རིང་། མདའ་བཞི་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཁྲིམས་འཛིན་མི་སྣས་རྒྱུགས་རའི་ཉེ་འཁོར་གྱི་ཟ་ཁང་དང་རྩེད་ཆས་ཚོང་ཁང་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་རྒྱུ་ཆ་ཉོ་འདྲེན་ཐབས་ལམ་དང་། བཟའ་བཏུང་ཡོ་ཆས་གཙང་འཁྲུ་དང་དུག་སེལ་ཟིན་ཐོ། ལས་ཞུགས་མི་སྣའི་བདེ་ཐང་གནས་ཚུལ་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཟ་ཁང་གི་ཟས་རིགས་གཙང་འཁྲུད་དང་གཡོས་སྦྱོར། མཁོ་འདོན། ཉར་ཚགས་སོགས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་རྒྱུགས་ལེན་སྐབས་ཀྱི་ཟས་རིགས་བདེ་འཇགས་ཐད་ལ་འགན་ལེན་གང་ལེགས་བྱས།


མཉམ་སྤྱོད།