དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-09 09:02:34   |   5873

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། འཐབ་ཇུས་ཀྱི་གནས་འཁེལ་སྟངས་འཛིན་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ནང་སོག་གི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས་ཟེར།

  • ཞིང་ལས་དང་གྲོང་གསེབ་པུའི་གྲོ་འཕྲུལ་བསྡུའི་བཀོད་གཏོང་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུ་བྱེད་ཚད་བཅུ་ཆ་དྲུག་ལས་བརྒལ་བ་དང་། བརྔ་བསྡུ་ལས་ཀའི་ཡང་རྩེར་ཐོན་ཡོད།

  • ཚེས8ཉིན། ཧོ་ནན་དང་ཧྲན་ཞི། ཧྲའན་ཞི། སི་ཁྲོན། ཨན་ཧེ་སོགས་ཞིང་ཆེན་མང་པོའི་མཐོ་རྒྱུགས་མཇུག་སྒྲིལ།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་སུ་ཁྲལ་འབྲེལ་གཉེར་སྐྱོང་བྱེད་མཁན་གྱི་དུད་ཚང་གསར་བ་ཁྲི643.5ཡོད་པ་དང་དེ་དུས་མཚུངས་ལས15.5%འཕར་ཡོད།

  • ཚེས8ཉིན། རྒྱལ་ཁབ་སྨན་སྐྱོབ་ཅུ་ཡིས་ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་གྱི་གཞི་རྩའི་སྨན་སྐྱོབ་ཐེབས་རྩའི(བུ་བཙའི་གུན་སྐྱོབ་ཚུད་པ)ཡོང་འབབ་ཁྱབ་བསྒྲགས་བྱས་པ་དང་། ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར11403.13ཟིན་པ་དེ་དུས་མཚུངས་ལས8.1%འཕར་ཡོད།

  • ཀྲུང་གོ་ས་ཡོམ་ཅུ་ཡིས་ཚེས8ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ས་ཡོམ་སྔོན་ཟོན་དྲ་བའི་སྒྲིག་གཞི་གཙོ་བོ་འཛུགས་སྐྲུན་ཡོངས་སུ་བྱས་ཟིན་པ་དང་། འཁོར་སྐྱོད་བྱེད་མགོ་བརྩམས་རྗེས་སྤྱོད་མཁན་ལ་སྐར་ཆ་ཁ་ཤས་ནས་སྐར་ཆ་བཅུ་གྲངས་བར་གྱི་སྔོན་བརྡའི་དུས་ཚོད་མཁོ་འདོན་བྱ་རྒྱུ་རེད།

  • ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གཞི་ཡི་སྤྱི་ཁྱབ་ཇུས་འགོད་པ་ཀྲོའུ་ཅན་ཕིང་གིས་ཉིན་ཤས་སྔོན་དུ་བསྟན་དོན། རང་རྒྱལ་གྱིས་མི་སྡོད་འཕུར་གྲུ་རབས་གསར་པ་ཞིབ་བཟོ་བྱེད་མུས་ཡོད་དེ། འཕུར་གྲུ་གསར་པའི་ནང་དུ་མང་ན་མི7སྡོད་ཆོག་ཟེར།

སྤྱི་ཚོགས།

  • གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་འབྲུབ་དུས་གཙོ་བོར་བྱང་ཤར་དང་ཧྭ་བྱང་། ཧྭ་ཤར། ཧྭ་ལྷོ་སོགས་ཀྱི་ཆར་ཆུ་འབབ་ཚད་བཅུ་ཆ་གཅིག་ཡན་མང་དུ་འགྲོ་རྒྱུ་ཡིན་པ་དང་། འབྲི་ཆུའི་དབུས་རྒྱུད་དུ་ཆར་ཆུ་འབབ་ཚད་བཅུ་ཆ་གཉིས་ནས་ལྔ་བར་ཉུང་དུ་འགྲོ་རྒྱུ་རེད།

  • ཚེས8ཉིན། བཟོ་ཚོང་དངུལ་ཁང་དང་ཞིང་ལས་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་སོགས་དངུལ་ཁང་མང་པོས་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་གྱི་སྐྱེད་ཀ་ཇེ་དམའ་རུ་བཏང་། དེའི་ནང་ལོ་ལྔའི་དུས་བཀག་བཅོལ་དངུལ་གྱི་སྐྱེད་ཀ་དེ་ལྟེ་གནས15ནས2.5%བར་ཇེ་དམའ་རུ་བཏང་།

  •  ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས“ལྷ་རྗེ་ལྷ་སྨན”ཞེས་པའི་ཁྲིམས་འགལ་བརྡ་ཁྱབ་ཀྱི་དཔེ་མཚོན་གྱོད་གཞི་བཅུ་གཅིག་སྡུད་ཐོག་དམར་འདོན་བྱས། ཞིབ་འཕྲིན།

  • ཀྲུང་གོའི་ཆུ་མཆོང་རུ་ཁག་གིས་ཧྥུ་ཀང་གི་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཁྲེན་ཡུས་ཞི་དང་དབྱང་ཧོ་སོགས་ལུས་རྩལ་པ18བདམས་ཐོན་བྱུང་།


    2.png

  • ཁྲེང་ཏུའུ་ཡི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་པའི་མགོ་རྩོམ་མཛད་སྒོ་ཚེས8ཉིན་འཚོགས་པ་དང་། དེའི་རྗེས་ནས་དཔལ་འབར་པེ་ཅིང་དང་ཧར་པིན། ཧྲེན་ཀྲེན། ཁྲུང་ཆིང་། དབྱི་པིན་བཅས་གྲོང་ཁྱེར་ལྔ་རུ་བརྒྱུད་སྤྲོད་བྱ་རྒྱུ་རེད།

  • ཉེ་ཆར་ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས“ཅུའུ་ཀྲང”ཡི་འོད་ཀྱི་ཚད་རྡུལ་རྩིས་རྒྱག་གི་མ་དབྱིབས་འཕྲུལ་འཁོར་སྤྱད་དེ་རི་མོ་རིགས་གཉིས་སྨྲ་བའི་གནད་དོན་ལ་འགྲེལ་བཤད་རྒྱག་ཐབས་བྱས། དེ་གོ་ལ་ཧྲིལ་པོའི་ཆེས་མགྱོགས་ཤོས་ཀྱི་རིམ་འདས་རྩིས་འཁོར་དང་བསྡུར་ན་ལྡབ1.8ཙམ་གྱིས་མགྱོགས།

    5.jpg

  • ཧོ་ནན་ལུའོ་དབྱང་ཉེན་རྟོག་ཕྱོགས་ཀྱིས་རིག་དངོས་ལྐོག་ཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་། རིག་དངོས5000ལྷག་ཙམ་ཚུར་ལེན་བྱས། དེའི་ནང་རིམ་པ་དང་པོའི་རིག་དངོས་ཏེ“ཀྲའོ་ཅུན་མཐའ་གྲོང་འགྲིམ་པའི”ཟངས་ཀྱི་མེ་ལོང་ཚུད།

སྲིད་ཇུས།

  • ཧུའུ་པེ་ཡིས་བྱེད་ཐབས་བརྒྱད་བཏོན་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་བཏང་བ་དང་། ལོ་སྨད་དུ་བཟོ་ཚོང་ལས་རིགས་ཀྱི་གློག་སྤྱོད་ཚད་སྟོང་ཝ་རེར་སྒོར0.03དམའ་རུ་གཏོང་རྒྱུ་ཁ་གསལ་བཏོན།

  • ཀོང་ཏུང་གིས་ཡིག་ཆ་བཀྲམ་ནས་ཕྲུ་གུ་སྐྱེ་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སྔར་བས་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ། སྡོད་ཁང་སྲིད་ཇུས་དེ་བུ་ཕྲུག་མང་བའི་ཁྱིམ་ཚང་ལ་གཞོལ་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཁྲུང་ཆིང་གིས་སྤྱི་གསོག་དངུལ་གྱིས་ཁང་བ་གླ་བའི་དངུལ་ལེན་པའི་གྲངས་འབོར་མཐོ་རུ་བཏང་བ་དང་། བུ་ཕྲུག་མང་བའི་ཁྱིམ་ཚང་གིས་ཟླ་རེར་མཐོ་ཤོས་སྒོར5400བླངས་ཆོག

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཀོང་ཞིའི་དབུས་ལྷོ་རྒྱུད་དང་བྱང་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཅང་ཞིའི་ལྷོ་ནུབ་རྒྱུད། ཧྥུ་ཅན་གྱི་དབུས་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ལྷོ་རྒྱུད་དང་། དེ་བཞིན་ཧེ་ལུང་ཅང་གི་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཀོང་ཞིའི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

6.jpg


མཉམ་སྤྱོད།