དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོ་པིན་གྱིས་རྫོང་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་བ།

2023-06-09 11:03:44   |   7551


རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའིཚེས8ཉིན། རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་རྫོང་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། 《2023ལོའི་ལོ་འཁོར་གྱི་མདོ་ལ་རྫོང་གི་ཚོང་འགུག་མ་འདྲེན་ལས་འགན་ཁག་བགོས་ཇུས་གཞི》ལ་གྲོས་ཞིབ་གནང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧོ་ཧྲེང་ཅེ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡོན་ཡིའུ་ཁྲེང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཝང་ཞིན། ལིའུ་ཀྲེན་ཁྲོན་བཅས་ཚོགས་འདུར་ཞུགས།

图片1.png

图片2.png

ཚོགས་འདུའི་ཐོག རྫོང་རིམ་པ་ཁག་གི་མགོ་ཁྲིད་ཀྱིས་རྫོང་རིམ་པའི་མགོ་ཁྲིད་ཀྱི་ཡུག་འབྲེལ་ཁེ་ལས་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། ལས་བགོས་འགན་གཉེར་ཁྱབ་ཁོངས་དང་། ལས་བགོས་འགན་གཉེར་སྡེ་ཚན། འགན་འབྲེལ་ཁག་བགོས་ཡུལ་གྲོང་གི་ཚོང་འགུག་ལས་དོན་བཅས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། དངོས་སུ་བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ་བཅས། ཚོང་ལ་དམ་འཛིན་དང་། ཚོང་དངོས་ལ་དམ་འཛིན་བྱས་ནས་ཚོང་འགུག་མ་འདྲེན་ལས་དོན་གྱི་ཁག་བགོས་ལས་འགན་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན། ཚོང་འགུག་སྡེ་ཚན་ཁག་གིས་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐབས་ལམ་མང་བོ་དང་ཕྱོགས་ཡོངས་ནས་ཚོང་འགུག་ཆ་འཕྲིན་བསྡུ་རུབ་བྱེད་པ་དང་། ཚོང་འགུག་ཆ་འཕྲིན་མཛོད་འཐུས་སྒོ་ཇེ་ཚང་དུ་བཏང་ནས་དུས་ཐོག་ཏུ་ཕྱི་ཕྱོགས་ལ་ཡོངས་བསྒྲགས་དང་ཇུས་འགོད་བྱས་ཐོག་རྫོང་ཁོངས་ཡོངས་སུ་ཚོང་འགུག་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས། ཡུལ་གྲོང་ཁག་དང་སྡེ་ཚན་ཁག ལས་ཁུངས་ཁག་གིས་ཚོང་འགུག་ལས་གཞི་ཇུས་འགོད་དང་བརྒྱུད་རིམ་ཧྲིལ་བོའི་ཞབས་ཞུ་ཡག་པོར་བསྒྲུབས་ཐོག གཙོ་གནད་ལས་གཞི་འཛུགས་སྐྲུན་སྲིད་ཇུས་གཅིག་སྡུད་དང་། སྟོབས་ཤུགས་གཅིག་སྡུད། ཞབས་ཞུ་གཅིག་སྡུད་བཅས་བྱེད་དགོས། རྫོང་ཚོང་འགུག་མ་འདྲེན་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དུས་བཀག་ངེས་མེད་ངང་ཆེད་དོན་གྲོས་ཚོགས་བསྡུ་བ་བཅས། ཁོངས་གཏོགས་སྡེ་ཚན་གྱི་ཚོང་འགུག་མ་འདྲེན་གནས་ཚུལ་དང་གནད་དོན་ལ་ཉན་པར་མ་ཟད། ཚོང་འགུག་མ་འདྲེན་དང་ལས་གཞི་དོན་འཁྱོལ་བྱེད་སྐབས་འཕྲད་པའི་དཀའ་གནད་དང་། འགག་གནད། གནད་འགག་སོགས་ཀྱི་གནད་དོན་ཞིབ་འཇུག་ཐག་གཅོད་སྒོས་ལས་གཞི་དོན་འཁྱོལ་སྔར་བས་ཇེ་མགྱོགས་སུ་གཏོང་དགོས། རྫོང་ཨུའི་ལྟ་སྐུལ་ཞིབ་བཤེར་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་རྫོང་དམིགས་ཚད་གཞུང་ལས་ཁང་གིས་ཚོང་འགུག་མ་འདྲེན་དང་ཚོང་གཉེར་ཁོར་ཡུག་དེ“གཡོ་འགུལ་བྲལ་བའི”ལྟ་སྐུལ་ཞིབ་བཤེར་གཙོ་གནད་དུ་བརྩིས་ནས་ཚོང་འགུག་མ་འདྲེན་གྱི“ཟླ་རེར་བཀོད་གཏོང་དང་། དུས་ཚིགས་རེར་བརྡ་ཁྱབ། ལོ་ཕྱེད་རེར་དཔྱད་དཔོག”བཅས་ཀྱི་ལམ་སྲོལ་ལག་བསྟར་སྒོས། གནད་སྨིན་ཤུགས་འདོན་དང་དམིགས་འབེན་ལ་འཁེལ་བར་བྱེད་དགོས་པའི་བླང་བྱ་བཏོན།

མཱ་ཁྲང་ཧྲེང་དང་། ཀྲོའུ་ཡན་ཞང་། བསམ་འགྲུབ་ཚེ་རིང་། ཝང་ཡུས་མིང་། སྐལ་བཟང་། ལྕགས་ཐར། ཆི་ཚེ་རིང་། ལི་ཧྲོའུ་པིན་བཅས་དང་དེ་བཞིན་རྫོང་ཐད་གཏོགས་ལས་ཁུངས་སྡེ་ཚན་ཁག་ཅིག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཟུར་ཞུགས་བྱས།ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་ཁག་ཅིག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།