དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོ་པིན་གྱིས་མདོ་ལ་རྫོང་གི་མཐོ་རྒྱུགས་གྲ་སྒྲིག་ལས་དོན་ལ་རྟོག་འདོམས་བྱས་པ།

2023-06-09 11:34:29   |   5168

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས7ཉིན། རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧོ་ཧྲེང་ཅེ་རྫོང་མི་རིགས་སློབ་འབྲིང་དུ་མཐོ་རྒྱུགས་གྲ་སྒྲིག་ལས་དོན་ལ་རྟོག་འདོམས་བྱེད་པར་ཕེབས་ཏེ། རྫོང་མགོ་ཁྲིད་ཚན་ཁག་ཆེན་པོ་བཞི་དང་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲི་ལྔ་ལྷག་གི་ཚབ་ཞུས་ནས་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་རའི་ལས་དོན་མི་སྣར་འཚམས་གཟིགས་གནང་ལ། སློབ་མ483པོ་ཡང་རྩེར་བསྙེག་སྤོབས་པ་དང་མིང་གསེར་གྱི་མཚན་སྙན་ཐོབ་པའི་སྨོན་འདུན་ཞུས།

微信图片_20230609133456.jpg

微信图片_20230609133511.jpg

ཧོ་པིན་གྱིས་རྒྱུགས་རའི་བཀོད་སྒྲིག་དང་། རྒྱུགས་སྤྲོད་སློབ་མའི་ཞབས་ཞུ། རྒྱུགས་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ཞིང་། ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་རྒྱུགས་རའི་ལྟ་རྟོག་དང་། རྒྱུགས་ཤོག་རྗེས་འདེད། རྒྱུགས་སྤྲོད་བཀོད་འདོམས་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་གནང་། ཧོ་པིན་གྱིས་མཐོ་རྒྱུགས་ནི་ཁྱིམ་ཚང་ཁྲི་སྟོང་མང་བོ་དང་འབྲེལ་བ་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་ཆེན་པོ་ཐོབ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་གཙིགས་འཛིན་སྒོས་གྲ་སྒྲིག་ཡག་པོ་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་བག་ཡངས་བྱེད་མི་ཐུབ་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། འགན་འཁྲི་ནན་དུ་གཏོང་བ་དང་། གཞོགས་འདེགས་དམ་ཟབ། མཐུན་སྦྱོར་མཉམ་འགུལ་བྱེད་པ་བཅས། མཐོ་རྒྱུགས་རིང་གི་ལས་དོན་ཁག་ནན་ཏན་དང་ཞིབ་ཚགས་ངང་ཡག་པོར་བསྒྲུབ་པ་བཅས་བདེ་འཇགས་མཐོ་རྒྱུགས་དང་བདེ་ཐང་མཐོ་རྒྱུགས་འགན་ལེན་བྱེད་དགོས་ཞེས་བསྟན། 

སློབ་གྲྭར་སྐྱོད་སྐབས་ཧོ་པིན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་བ་དང་། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཐུགས་ཁུར་ཟབ་མོ་མཚོན་པར་བྱས། ཧོ་པིན་གྱིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་དང་སྤྱི་ཚོགས་ཀྱིས་ཁྱེད་ཚོར་ཐུགས་ཁུར་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འདི་ལོའི་མཐོ་རྒྱུགས་ལ་སླར་ཡང་གྲུབ་འབྲས་བཟང་བོ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་མཐོ་རྒྱུགས་ལ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་ཏན་དུ་འཁུར་ནས་མཐོ་རྒྱུགས་ལ་དྲོ་སྐྱིད་དང་བདེ་འཇགས་ལྡན་པ། གོ་རིམ་ལྡན་པའི་རྒྱུགས་སྤྲོད་ཁོར་ཡུག་བཏོད་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་མཐོ་རྒྱུགས་ལ་སྲུང་སྐྱེལ་བྱས་ཡོད། ད་ལོའི་གཞུང་ཞབས་པ་བསྡུས་པའི་གནས་ཚུལ་ལ་བལྟས་ན། མདོ་ལ་རང་སའི་རྒྱུགས་སྤྲོད་སློབ་མས་ལོ་རྒྱུས་ཐོག30%ཐོད་བརྒལ་བྱས་ཡོད་པ་དེས། ང་ཚོའི་སློབ་མ་རྣམས་སློབ་མཐར་ཕྱིན་ནས་ཕྱིར་ལོག་རྗེས་ཕ་ཡུལ་ལ་བརྩེ་སེམས་ཟབ་མོ་དང་ཕ་ཡུལ་ལ་དྲིན་ལན་འཇལ་བའི་དུངས་སེམས་ཟབ་མོ་ལྡན་པ་མཚོན་ཡོད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་ཐེངས་འདིའི་རྒྱུགས་སྤྲོད་དེ་ཚད་འཇལ་ཆུང་ཆུང་ཞིག་ཏུ་བརྩི་བ་དང་། མི་ཚེའི་སྦྱོང་བརྡར་ཞིག་གམ་འགྲན་སློང་ཞིག་ཏུ་བརྩིས་ཏེ། སེམས་ཁམས་ལེགས་སྒྲིག་དང་། སེམས་རྩ་ལྷོད་ལ་འབབ་པ། བབ་བརླིང་ངང་གདོང་བསུ་བ་བཅས། རྒྱུགས་རའི་ནང་རང་ཉིད་ཀྱི་ཆུ་ཚད་ཡག་ཤོས་འདོན་སྤེལ་བྱས་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ནང་མིའི་དཀའ་སྤྱད་གསོ་སྐྱོང་ལ་དྲིན་ལན་འཇལ་བ་དང་། དགེ་རྒན་གྱི་དཀའ་སྤྱད་གསོ་སྐྱོང་ལ་དྲིན་ལན་འཇལ་བ། སྤྱི་ཚོགས་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

微信图片_20230609133502.jpg

微信图片_20230609133507.jpg

ཧོ་པིན་གྱིས་སྡེ་ཚན་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་། བཟའ་བཅའི་བདེ་འཇགས་འགན་ལེན། གློག་ཤུགས་ཞབས་ཞུ། གནམ་གཤིས་ངན་པ་སྔོན་འགོག འཕྲལ་སྡོམ་སྨན་རྫས་གྲབས་གསོག སེམས་ཁམས་ཁྲིད་སྟོན་ཐེ་ཇུས། ཐོས་ནུས་སྒྲིག་ཆས་སྙོམ་སྒྲིག་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ། མཐོ་རྒྱུགས་རྩ་འཛུགས་ཀྱི་ཞིབ་ཕྲའི་གནས་ཚུལ་དང་ལས་དོན་ཚང་མ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་སྒོས་རྒྱུགས་སྤྲོད་སློབ་མ་བློ་བདེ་བོ་དང་ཁྱིམ་བདག་བློ་བདེ་བོ་ཡོང་བར་བྱེད་དགོས། རྒྱུགས་ལེན་གྱི་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བ་དང་། རྒྱུགས་ལེན་ལས་དོན་ཁག་ཡག་པོར་བསྒྲུབ་པ། རྒྱུགས་ཤོག་ཉར་ཚགས་དང་། བགོ་འགྲེམ། ཚུར་བསྡུ་སོགས་ལྷུ་ཚིགས་ཁག་གི་བདེ་འཇགས་གསང་སྲུང་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་པ། མཐོ་རྒྱུགས་ཀྱི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་མཐོ་རྒྱུགས་རྩ་འཛུགས་དང་ཞབས་ཞུ་འགན་ལེན་ལས་དོན་ཡག་པོར་བསྒྲུབ་པ་བཅས་བྱས་ནས་མཐོ་རྒྱུགས་བདེ་འཇགས་གོ་རིམ་ལྡན་པ་དང་བརྟན་འཇགས་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས། 

ཀྲའོ་ཅིན་དང་ཀྲའོ་ཡན། སློབ་གསོ་ཅུའི་འགན་འཁུར་བ་གཙོ་བོ་བཅས་ཀྱིས་ཕེབས་རོགས་བྱས།


མཉམ་སྤྱོད།