དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཆུ་མཚེའུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས་པ།

2023-06-09 13:41:29   |   3748

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས7ཉིན། ཁུལ་གྱི་ཆུ་མཚེའུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་པ། 

微信图片_20230609151957.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་མངའ་ཁོངས་སུ་གནས་པ་དང་མངའ་ཁོངས་ནང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། ཆུ་རྒྱུན140ལྷག་ཙམ་ཡོད། ལོ་རེར་བཞུར་རྒྱུན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར69.22ཟིན་གྱི་ཡོད་པ་དང་། དེ་ནི་མཚོ་སྔོན་པོ་དང་རྨ་ཆུའི་རིམ་པ་དང་པོའི་ཆུ་རྒྱུན་ཙོང་ཆུ་དང་། རིམ་པ་གཉིས་པའི་ཆུ་རྒྱུན་འཇུ་ལག་ཆུ། ཀྲུང་གོའི་སྐམ་སའི་ཆུ་བོ་ཆེ་གྲས་གཉིས་པ་བར་དམ་ཆུ་བོའི་ཆུ་རྩ་གསོ་འཁྱོངས་དང་ཆུ་མགོ་གལ་ཆེན་གྱི་གནས་ཡིན་པས། ལོ་ལྟར་སྨད་རྒྱུད་དུ་ཆུ་མགོའི་གཙང་ཆབ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར43.82འདྲེན་གྱི་ཡོད། མཚོ་སྔོན་པོའི་རྒྱ་ཁྱོན་གྱི47%ནི་མཚོ་བྱང་དུ་གནས་པ་དང་། མཚོ་ནང་བཞུར་བའི་ཆུའི85%ནི་མངའ་ཁོངས་ནང་གི་བུ་ཧ་ཆུ་བོ་དང་འོམ་ཆུ། དཔལ་དགེ་ཆུ་སོགས་ཆུ་རྒྱུན་ཡིན། “རྟ་ཐང་ཆུ་སྐུ་འབུམ་དུ་འདྲེན་པའི”ལས་གྲྭའི་ཆུ་འདྲེན་ཁ་སྒྱུར་ལྟེ་གནས་ཆུ་ནག་ཆུ་མཛོད་དང་རྡོ་འགག་ཆུ་མཛོད་ཀྱི་ཆུ་འདྲེན་ཚད་ཚང་མ་འཇུ་ལག་ཆུ་བོ་ནས་ཡིན་པ་དང་། ཟི་ལིང་གྲོང་ཁྱེར་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གཉིས་ལྷག་ཙམ་མཁོ་འདོན་བྱས་པ་དང་ཞིང་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར40.85ཟིན་ནས་སྨད་རྒྱུད་ཀྱི་ཆུ་ལམ་སྐྱེ་ཁམས་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.94གསབ་ཡོད། དམིགས་བསལ་གྱི་ས་ཁམས་གནས་བབ་དང་ཆུ་མགོ་གཙང་མས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཁྲོད་མཚོ་བྱང་གི་གནས་བབ་གཙོ་བོ་དང་ནུས་པ་གལ་ཆེན་གཏན་འཁེལ་བྱས་ཡོད་ཟེར། 

微信图片_20230609151952.jpg

ཤ་བོ་སྐྱབས་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་ཆེ་རུ་ཏན་ཏིག་གཏོང་བ་དང་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བ་སེམས་ལ་འཛིན་པ་དང་ཕྲག་ཏུ་འཁུར་བ། ལག་ཏུ་ལེན་པ་བཅས་བྱས་ནས་མདུན་དུ་ལྷགས་པའི་དུས་བབ་དང་ཞན་ཆ། མི་འདང་ས་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ཆུ་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་གཏོང་དགོས། གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩ་དམ་འཛིན་བྱས་ནས་ཆུ་མཚེའུ་དཔོན་ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ཏེ་ཆུ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ། ཆུ་ཁོངས་དང་ཆུ་ངོགས་དོ་དམ་ཚོད་འཛིན། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྒྲིག ཆུའི་སྐྱེ་ཁམས་སླར་གསོ། ཞོད་ཐན་གྱི་གནོད་འཚེ་འགོག་བཅོས། ཆུ་དང་མཚེའུ་ཡི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བཅས་ལ་དམ་འཛིན་བྱས་ནས“ཆུ་བོ་བཞུར་རྒྱུན་ལེགས་པ་དང་ཆུ་བོ་དྭངས་པ། ཆུ་ངོགས་སྔོ་ཞིང་ལྗང་པ། ཡུལ་ལྗོངས་མཛེས་པ། མི་སྡོད་ཁོར་ཡུག་འཆམ་ཞིང་མཐུན་པ”བཅས་ཀྱི་སྐྱེ་ཁམས་གནས་མལ་ལ་འཚམ་པའི་ཁོར་ཡུག་ཅིག་ཧུར་ཐག་སྒོས་གཏོད་དགོས། ཐུན་མོང་མ་ཡིན་པའི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཆུ་དང་མཚེའུ་ཡི་རང་བྱུང་མཛེས་ལྗོངས་གསར་སྤེལ་བྱེད་པ་དང་། ཆུ་གྲང་ཉ་དང་འཐུང་ཆུ། གཏེར་ཆུ་སོགས་སྐྱེ་ཁམས་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཆུ་མཚེའུ་དཔོན་ལམ་ལུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།  “འབྱུང་རྩ་ནས་འགན་འཁུར་བའི”འགན་ཁུར་ནས་ཙོང་ཆུ་དང་བར་དམ་ཆུ།  འཇུ་ལག་ཆུ་བཅས་འབབ་རྒྱུད་ཀྱི་སྲུང་སྐྱོབ་མནའ་འབྲེལ་འཛུགས་རྒྱུར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ་གོང་འོག་མཉམ་འགུལ་དང་ས་ཁོངས་སོ་སོས་མཉམ་འགོག མཉམ་འགོག་མཉམ་སྡོམ་བཅས་ཀྱི་ཆུ་མཚེའུ་དོ་དམ་སྲུང་སྐྱོབ་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པར་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཤིང་། ཞོད་ཐན་གྱི་གནོད་འཚེ་སྔོན་འགོག་གི་མཁོ་བསྟུན་ནང་སྦྱོང་དང་ཆུ་ཐོག་རོགས་སྐྱོབ་བྱ་བ་ཧུར་ཐག་སྒོས་སྤེལ་བ་དང་། ཆུ་ལོག་ལ་གནོད་པའི་ཨར་སྐྲུན་གཙང་བཤེར་བཅོས་སྒྲིག་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས་འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་སོགས་གཙོ་གནད་དུས་ཚོད་གང་ལེགས་སྒོས་བེད་སྤྱད་དེ་བརྙན་ཐུང་འགྲན་བསྡུར་ཆེན་མོ་དང་པར་རིས་འགྲན་བསྡུར་ཆེན་མོ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་དྲིལ་སྒྲོག་བྱ་བ་ཡག་པོར་སྒྲུབ་ནས་སྤྱི་ཚོགས་ཡོངས་ཀྱིས་ཆུ་དང་མཚེའུ་ལ་གཅེས་སྐྱོང་དང་འདམ་རར་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས།  མགོ་ཁྲིད་ལ་ཤུགས་སྣོན་པ་དང་མཉམ་ཤུགས་གཅིག་སྒྲིལ་བྱས་ནས་རིམ་པ་བཞིའི་ཆུ་མཚེའུ་དཔོན་གྱིས་རང་འགུལ་ངང་བྱས་རྗེས་བཞག་སྟེ་རྒྱུན་གཏན་རང་བཞིན་གྱིས་ཆུ་དང་མཚེའུ་ལ་སྐོར་ཞིབ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པ་དང་།  འགན་ཁུར་ལས་ཁུངས་ཀྱིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ་ཆུ་མཚེའུ་བདག་སྐྱོང་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་ཁུལ་གྱི་ཆུ་དང་མཚེའུ་བཅོས་སྐྱོང་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཆུ་དང་མཚེའུ་ཤར་དུ་བཞུར་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན། 

ཀྲང་ཧྲིང་ཡོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་བཏང་སྟེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ཆུ་བོ་འབབ་རྒྱུད་དང་ཆུ་ངོགས་ཀྱི་དོ་དམ། ཆུ་དང་མཚེའུ་ཡི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ཆུ་དང་མཚེའུ་དོ་དམ་སྲུང་སྐྱོབ་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་གཙང་བཤེར་བཅོས་སྒྲིག་དང་། ཆུ་སྐྱོན་དང་གནོད་འཚེ་སྔོན་འགོག་ཡག་པོ་བཅས་བྱེད་དགོས་ཤིང་། བྱ་བའི་འགན་འཁྲི་བརྟན་དུ་གཏོང་བ་དང་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ནན་མོ་བྱེད་པ། ལྟ་སྐུལ་དང་དཔྱད་ཞིབ། དྲིལ་སྒྲོག་དང་ཁྲིད་སྟོན་བཅས་ལ་ཤུགས་བསྣན་ནས་ཆོད་སེམས་དེ་བས་ཆེ་བ་དང་ཚད་གཞི་དེ་བས་མཐོ་བ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཧུར་ཐག་སྒོས་ཁུལ་ཡོངས་ཀྱི་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་ཝང་ཞིང་ཧོས་དང་ཀརྨ་ཚེ་རིང་། དབྱང་ཏེ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།