དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-12 08:49:20   |   1589

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་བཞི་པའི་ཧྥ་རན་སེའི་ཡི་གེ་དང་ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ སི་ཕེན་གྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ འཇར་མན་གྱི་ཡི་གེ འཇར་པན་གྱི་ཡི་གེ རྒྱ་ཡིག་གི་ཚུགས་རྙིང་ཡི་གེ་སོགས་པར་མ8ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ལ་ཁྱོན་སྡོམ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི5.78ཟིན་པ་དེ་དུས་མཚུངས་ལས13.2%འཕར་ཡོད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་ལྔ་པའི་ཟླ་མཇུག་བར་དུ་རྒྱལ་ཡོངས་སུ་ཁྲལ་འབྲེལ་ཚོང་གཉེར་བྱེད་མཁན་གྱི་དུད་ཚང་ཁྱོན་ཁྲི8692ཡོད་པ་དེ་དུས་མཚུངས་ལས7.5%འཕར་ཡོད།

  • ཟླ་ལྔ་པར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་སོ་སོར་ཁྲི233.3དང་ཁྲི238.2ཟིན་པ་དེ་དུས་མཚུངས་ལས་སོ་སོར21.1%དང27.9%འཕར་ཡོད།

  • ཀྲུང་གོའི་མི་ལུས་དབང་པོ་ཞལ་འདེབས་དོ་དམ་ལྟེ་གནས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་རང་རྒྱལ་དུ་རིམ་རྩིས་བྱས་ན་དབང་པོ་ཞལ་འདེབས་འབུལ་མཁན་གྱི་དང་བླངས་པ་བྱེད་པའི་ཐོ་འགོད་མཁན་མི་ཁྲི626ལས་བརྒལ་ཡོད།

    1.jpg

  • ཚེས11ཉིན། འཛམ་གླིང་ཐོག་ཆེས་རིང་ཤོས་དང་ཁ་ཞེང་ཆེས་ཆེ་བའི་ལྕགས་སྐོགས་བསྲེས་འདམ་གྱི་མཚོ་འོག་སྦུག་ལམ་སྟེ། ཧྲེན་ཀྲུང་བགྲོད་ལམ་གྱི་མཚོ་འོག་ཕུག་ལམ་དེ་དུས་ཡུན་ལོ་ལྔ་བརྒྱུད་མཐར་བདེ་བླག་ངང་འབྲེལ་མཐུད་ཐུབ་ཡོད།

    2.jpg

  • ཁོ་ལོམ་པི་ཡའི་ཙུང་ཐུང་གིས་ཚེས9ཉིན་བསྟན་དོན། ཉིན40རིང་འཚོལ་སྐྱོབ་བྱས་པ་བརྒྱུད། དེ་སྔོན་གྱི་གནམ་གྲུ་ཆག་སྒོ་བྱུང་ནས་ནགས་ཚལ་ཁྲོད་ཁེགས་པའི་དོན་རྐྱེན་ཁྲོད་ཀྱི་མི་བཞི་སྟེ། ལོ13ཅན་དང་ལོ9ཅན། ལོ4ཅན། ཟླ11ཅན་བཅས་ཀྱི་བྱིས་པ་ཚང་མ་སྐྱོབ་ཐུབ་སོང་ཟེར།

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ཧྲའན་ཞིའི་ཤར་ལྷོའི་རྒྱུད་དང་ཧྲན་ཞིའི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་རིམ་པ8-10ཅན་གྱི་གནམ་ལྕགས་དང་རླུང་ཆེན་གཡུག་པའམ་ཡང་ན་སེར་བ་འབབ་པའི་གནམ་གཤིས་ཡོད། ས་ཁུལ་ཁག་ཅིག་གི་རླུང་ཤུགས་རིམ་པ11ཟིན་རྒྱུ་རེད།

  • ཚེས11ཉིན་གྱི་ཆུ་ཚོད17བར། ཧོ་ནན་ཞིང་ཆེན་གྱི་གྲོ་བརྔ་བསྡུ་ཕལ་ཆེར་མཇུག་སྒྲིལ་བ་དང་། དབྱར་འདེབས་རྒྱ་ཁྱོན་བཅུ་ཆ་བརྒྱད་ལས་བརྒལ་ཡོད།

    4.jpg

  • 2023ལོའི་སིང་ཀ་ཕོར་གྱི་སྒྲོ་ལྒང་ཡོངས་བསྒྲགས་འགྲན་བསྡུར་ལས་ཚེས11ཉིན་གྱི་འགྲན་སྡུར་ཁྲོད་ཀྲུང་གོའི་ཚན་སྡེབ་ཁྲེན་ཆིང་ཁྲིན་དང་ཅ་དབྱི་ཧྥན་གཉིས་ཀྱིས་སྐར་གྲངས2:0ཐོག་ལྷོ་ཁོ་རེ་ཡའི་ཚན་སྡེབ་པེ་ཧོ་ན་དང་ལི་ཧྲོ་ཞི་ལས་རྣམ་པར་རྒྱལ་བ་དང་། འགྲན་སྡུར་དུས་ཚིགས་ཀྱི་ཨང་དང་པོ་གཉིས་པ་ཐོབ།

  • ཀོང་ཏུང་ནད་ཡམས་འགོག་སྡོམ་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས10ཉིན་ཀོང་ཀྲོའུ་ཡིས་སྤྲེའུ་འབྲུམ་གྱི་ནད་དཔེ་གཉིས་རྟོག་འཇལ་བྱས་ནས་ཤེས་རྟོགས་བྱུང་།

    5.jpg

  • ལའོ་ཉིང་པེན་ཞི་ལ་ཉེ་ཆར་དྲག་ཆར་འབབ་པའི་གནམ་གཤིས་བྱུང་སྟེ། རྒན་པ་གཉིས་ནང་ཞོད་ཀྱི་རྐྱེན་གྱིས་ཁང་བའི་ནང་དུ་བཀག མི་དམངས་གཞོགས་འདེགས་ཉེན་རྟོག་པ་ཀྲང་ཧོ་ཡུས་དང་ཕེ་ཀྲི་ཀང་། ཁྲེན་དབྱང་སོགས་སྐེད་པ་དང་མཉམ་པའི་ཆུའི་ནང་རྒྱུགས་ནས་རྒན་པ་བསྐྱབས་པ་དང་བདེ་འཇགས་ངང་གནས་སྤར།

སྲིད་ཇུས།

  • སི་ཁྲོན་གྱིས་བྱ་ཐབས་དཔར་འགྲེམ་བྱས་ཤིང་། མཐོ་སློབ་སློབ་གྲྭ་དཀྱུས་མའི་སློབ་མའི་སྤྱི་ཁང་གི་མལ་ཁང་རེའི་མི་གྲངས6ནང་ཚུན་ཡིན་ན་འཚམ་པ་དང་། མི་རེའི་ཆ་སྙོམས་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ10ཟིན་ན་འགྲིག

  • ཅི་ལིན་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་པའི་མི་བསྡུས་པ་མ་ཟད་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་སྡུད་ལེན་གྱི་ལས་ཞུགས་ཁ་གསབ་སྤྲོད་ཆོག་པ་ཁ་གསལ་བཏོན།

  • ཧོ་ནན་གྱིས་ཇུས་གཞི་བཏོན་ཏེ། མ་འོངས་པའི་ལོ་གསུམ་ནང་ལོ9ནས14བར་གྱི་བུ་མོར་རིན་མེད་ངང་རིམས་འགོག་སྨན་ཁབHPVརྒྱག་པའི་ལས་ཀ་རིམ་བཞིན་སྐུལ་འདེད་གཏོང་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ནན་དང་ཀོང་ཏུང་གི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་བ་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད། ཧོ་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། ཧུའུ་པེའི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་བ་ཆེན་པོ་འབབ་རྒྱུ་རེད།

    6.jpg


མཉམ་སྤྱོད།