དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྣམ་གཉིས་ཁུལ་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་མལ་ཤག་སོགས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ་བ།

2023-06-12 09:03:33   |   7027

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཁུལ་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་མལ་ཤག་དང་ཁུལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་གྲངས་གཞི་ཅན་གྱི་འགྲེམ་ཁང་། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།

微信图片_20230612110507.jpg

ཁུལ་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་མལ་ཤག་ཏུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མཚོ་སྐྱོར་ལས་བྱེད་པའི་ཉལ་ཁང་དང་ཟ་ཁང་། ཚོགས་ཁང་། དཔེ་གཟིགས་ཁང་། ལུས་སྦྱོང་ཁང་སོགས་སུ་བསྐྱོད་དེ་མཚོ་སྐྱོར་ལས་བྱེད་པའི་འཚོ་བ་དང་བྱ་བའི་སྒྲིག་ཆས་འཛུགས་སྐྲུན། འཁོར་སྐྱོད་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་མལ་ཤག་ནི་ཧྲན་ཏུང་དང་མཚོ་བྱང་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་ལྡན་པའི་དཔང་པོ་ནུས་ལྡན་ཞིག་ཡིན་པས་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ནས“མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་གཅིག་སྡུད་ཐོག་དོ་དམ་དང་གཅིག་སྡུད་ཐོག་སྡོད་པ། གཅིག་སྡུད་ཐོག་བཟའ་བཏུང་བྱེད་པ”བཅས་ཀྱི་བླང་བྱ་མངོན་འགྱུར་བྱུང་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་གཅིག་སེམས་གཅིག་ངང་ཞབས་ཞུ་འགན་ལེན་གྱི་བྱ་བ་ཡག་པོ་སྒྲུབ་པ་དང་། བྱ་བ་དང་འཚོ་བའི་ཐད་དེ་བས་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་མཚོ་བྱང་དུ་བློ་གཅིག་སེམས་གཅིག་ངང་བྱ་གཞག་གཏོད་ཐུབ་པ་བཅས་བྱེད་དགོས། ཁུལ་ཡོངས་ཀྱི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས“དབྱངས་དབུགས་དཀོན་ཡང་སྙིང་སྟོབས་མི་ཉམས་པ། དཀའ་སྡུག་ཆེ་ཡང་སྡུག་ལ་མི་འཛེམ་པ། ས་བབ་མཐོ་ཡང་རྟོགས་པ་དེ་བས་མཐོ་བ”བཅས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་རང་འགུལ་ངང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཞུགས་ནས་ཁ་གཏད་མཚོ་སྐྱོར་བྱ་བའི་ཁྲོད་གྲུབ་འབྲས་གསར་པ་གཏོད་དགོས་པ་ནན་གྱིས་བསྟན།

微信图片_20230612110459.jpg

ཁུལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་གྲངས་གཞི་ཅན་གྱི་འགྲེམ་ཁང་དུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་འགྲེམ་ཁང་གི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། ཁུལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་གྲངས་གཞི་ཅན་གྱི་འགྲེམ་ཁང་བརྟན་པོ་འཛུགས་རྒྱུ་དེ་ནི་རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བའི་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ལ་ནུས་པའང་ཆེན་པོ་ལྡན་ཡོད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མཁྲེགས་ཆས་དང་མཉེན་ཆས་འཛུགས་སྐྲུན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་གཞི་རྒྱུ་གསར་པ་སྔོག་འདོན་དང་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། འགྲེམ་ཁང་གི་འགྲེམས་སྟོན་བྱ་བའི་འཕེལ་རིམ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ཀྱི་འགྲེམས་སྟོན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། ཟུར་མང་པོའི་ཐོག་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70ཡི་རིང་མཚོ་བྱང་གི་མི་རྣམས་ས་མཐོར་གཞི་ཚུགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རྒྱུན་མཐུད་འབད་འཐབ་བཅས་བྲིས་པའི་མཚོ་བྱང་འཛུགས་སྐྲུན་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་ལོ་རྒྱུས་འགྲེམས་སྟོན་བྱེད་དགོས་པ་ནན་གྱིས་བསྟན།

微信图片_20230612110511.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་འགྲེམས་སྟོན་ཁང་གི་འགྲེམ་ཁང་དང་ནོར་གནག་བརྗོད་དོན་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ་བསྒྲུབ་རྒྱུར་སྤྲད་རྒྱུའི་ལས་འགན་བཀོད་སྒྲིག་བྱས་པ་རེད། དཔེ་སྟོན་གླིང་གི་ཕྱིའི་གྱང་ངོས་ཉམས་གསོ་སྒྱུར་བཀོད་དང་འགྲེམས་སྟོན་ཁང་གི་འགྲེམ་ཁང་བསྒྱུར་བཀོད། ནོར་གནག་བརྗོད་དོན་སྤྱི་གླིང་གི་བཟོ་སྐྲུན་འཕེལ་རིམ་བཅས་མགྱོགས་སུ་བཏང་ནས་ལས་ཡུན་ལྡོག་སྒྲིག་དང་། དཔེ་རིས་བཀལ་ནས་དམག་འཐབ་རྒྱག་པ། བཟོ་སྐྲུན་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དུས་ཚོད་དང་དུས་ཚིགས་ལ་གཞིགས་ནས་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ཚང་མ་ཁུལ་སྟོན་སྔོན་ལ་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། མཚོ་བྱང་གི་ཐུན་མོང་མ་ཡིན་པའི་ཞིང་ཕྱུགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་འགྲེམས་སྟོན་གྱི་བརྗོད་དོན་ལ་དམིགས་པ་དང་ཁྱད་ལྡན་ལེགས་ཆར་དམིགས་པ། འགག་རྩའི་ལྷུ་ཚིགས་ལ་དམིགས་པ། འགྲེམས་སྟོན་ཇུས་གཞི་ལེགས་སུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཆ་འཕྲིན་གཞི་གྲངས་ཆེན་མོའི་ལྟེ་གནས་དང་ནུས་མང་གློག་བརྙན་བརྙན་འཕྲིན་ཁང་སོགས་བེད་སྤྱོད་ཡག་པོ་གཏོང་བ། འགྲེམས་སྟོན་ཁང་གི་འགྲེམ་ཁང་བསྒྱུར་བའི་བྱ་བ་ཞིབ་ཚགས་སྒྲུབ་པ་བཅས་བྱས་ཏེ་ཕྱོགས་མང་པོ་དང་ཟུར་མང་བོ། འབུར་ཐོན་བཅས་ཀྱི་སྒོ་ནས་མཚོ་བྱང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཕན་འབྲས་འགྲེམས་སྟོན་བྱེད་དགོས། གཟན་རྩྭ་དང་གཟན་ཆས་རྟེན་གཞི་འཛུགས་སྐྲུན་དང་མཚེ་རྒྱུད་བོད་ལུག་འདེམས་གསོ། རྩྭ་ཐང་སླར་གསོའི་བཅོས་སྒྲིག་བཅས་དང་དེ་བཞིན་འཇུ་ལག་རྟ་དང་ཤྭ་ཁྲ། གླ་བ། རྔ་མོང་། འབྲོང་ཚ་སོགས་ཁྱད་ལྡན་དཔལ་འབྱོར་སྲོག་ཆགས་ཀྱི་གསོ་སྤེལ་གཞི་ཁྱོན་དང་སྣ་ཁ16ལ་ཤུགས་བསྣན་ནས་གླིང་ཁུལ་ཧྲིལ་པོའི་གཉེར་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དཔེ་སྟོན་གླིང་སོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་སྤྲོ་གསེང་སྒར་འདེབས་རྟེན་གཞི་ཧུར་ཐག་བཏོད་དེ་ཞིང་ཕྱུགས་ཁོངས་གཏོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད“ཞིང་ཕྱུགས+གནས་སྐོར+མཚན་ཞིབ”བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

རུང་ཧུང་ཀྲི་དང་ཝང་ཡུང་ཁྲང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་བྱས།


མཉམ་སྤྱོད།