དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཤིང་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་བ།

2023-06-12 11:39:08   |   6947

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས44པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་ཀྱི་དགོངས་དོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ།《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་པར་གཞིར》གཅིག་སྡུད་ཐོག་གཟིགས་པ་དང་བྱ་བའི་སྙན་ཞུར་གསན་ནས་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

微信图片_20230612115411.jpg

ཚོགས་ཐོག་ཏུ། ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཏང་གིས་རྩིས་བཤེར་བྱ་བར་མགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། རྩིས་བཤེར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་པ། རྩིས་བཤེར་གནད་དོན་བཅོས་སྒྲིག་དང་གྲུབ་འབྲས་བཀོལ་སྤྱོད་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས་རྩིས་བཤེར་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཚོགས་ཐོག་ཏུ།《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་གྱིས་ཀྲེ་ཅང་གི“སྟོང་ཁྲིའི་བཟོ་སྐྲུན”གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་དང་ཏན་ཏིག་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་བརྟག་ཞིབ་སྙན་ཞུའི》དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་མཚོ་བྱང་གི་དོན་དངོས་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་ཀྲེ་ཅང་གི“བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་ཡག་པོ་གཏོང་བ་དང་། སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས་པ་བཅས་ནན་གྱིས་བསྟན།

微信图片_20230612115423.jpg

ཚོགས་ཐོག་ཏུ། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་གོ་ཀྲུང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་མཐུད་ནུས་ལྡན་གྱི་གནད་དོན་བཅོས་སྒྲིག་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དབུལ་ལོག་སྔོན་འགོག་གི་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། “1+10”ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། ཁེ་ལས་ལ་ཕན་ཡོན་སྐྱེལ་བ་སོགས་ལ་དམིགས་ནས་བརྟག་ཞིབ་བྱས་ཏེ་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་དང་ཁོང་དུ་ཆུད་པར་བྱས་ཏེ་ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་གྱི་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་ཚུར་ལན་གནད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་དབུལ་ཐར་གྱི་རྨང་གཞི་སྔར་བས་བརྟན་པོ་དང་ཕན་འབྲས་སྔར་བས་རྒྱུན་མཐུད་ཡོང་བར་བྱེད་དགོས་པ་ནན་གྱིས་བསྟན། ཚོགས་ཐོག་ཏུ།《ཀྲུང་དབྱང་གཞུང་དོན་ཐིན་གྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་ཏུ་སྤེལ་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》དང་།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིན་གྱི་ཚོགས་འདུའི་ཚོད་འཛིན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱེད་པ་དང་། ཞིབ་བཤེར་དཔྱད་ཞིབ་དང་ཚོགས་འདུའི་བྱེད་སྒོ་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ལམ་སྲོལ་འཐུས་ཚང་དང་བརྒྱུད་རིམ་ལེགས་སྒྲིག རྟོག་འདོམས་ནན་མོ་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་དོན་དངོས་ཀྱིས་ཇེ་ཡང་དུ་བཏང་སྟེ་སྤྱོད་ཚུལ་དྭངས་གཙང་གི་ཆབ་སྲིད་སྐྱེ་ཁམས་དང་ལས་སྒྲུབ་ལས་གཏོད་ཀྱི་ཉམས་སྣང་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས་པ་ནན་གྱིས་བསྟན།

微信图片_20230612115427.jpg

ཚོགས་ཐོག་ཏུ།《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྐྱེ་ཁམས་དཔལ་གཡོན་གྱི་བཙན་ས་མགྱོགས་མྱུར་སྒོས་སྐྲུན་པའི་ལག་བསྟར་ཇུས་གཞིའི》དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་ལམ་ལུགས་རང་བཞིན་གྱི་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་མཇུག་བསྡུའི་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་དང་ཙོང་ཆུའི་ངོགས་སོགས་གཙོ་གནད་ས་ཁོངས་ཀྱི་ལྗང་མདོག་རྒྱ་ཆེར་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ལས་རྐང་ལས་བྲལ་སྐབས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྩིས་བཤེར་གདེང་འཇོག་དམིགས་ཚད་མ་ལག་ཁྱོན་ཡོངས་ནས་སྟངས་འཛིན་ཡང་དག་བྱས་ཏེ་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་རང་རྟོགས་ངང་ལག་བསྟར་བྱེད་དགོས་པ་ནན་གྱིས་བསྟན། ཚོགས་ཐོག་ཏུ། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དང་གཙོ་གནད་ལས་གཞིའི་ལས་མགོ་བསྐྱར་སྐྲུན། མ་དངུལ་བསྡུ་སྒྲིལ་ཡིད་རྟོན་འགན་ལེན། ཚོང་འགུགས་མ་འདྲེན་སོགས་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་གསན་ཞིང་། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་རྐྱེན་སྲོལ་འཛུགས་པ་དང་ཞན་ཆ་གསབ་པ། སྟོང་ཆ་སྐོང་པ། འཚུབ་བསྟུན་དོ་དམ་གྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ། བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོའི་ངང་ལེགས་སུ་འགྲོ་བའི་འགན་ལེན་བྱེད་དགོས། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་མཉམ་འབྲེལ་འགན་ལེན་གྱི་ལས་གཞི་གལ་ཆེན་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། བཀོད་གཏོང་ལྟ་ཞིབ་ལ་ཤུགས་སྣོན་པ། ཨར་ལས་ཀྱི“འགག་རྩའི་དུས་སྐབས”ལ་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱེད་པ་བཅས་བྱས་ནས་མ་འཇོག་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། “ལྔ་བཅུ་བཞིའི”འཆར་འགོད་ཀྱི་དུས་དཀྱིལ་ཚོད་སྐོར་ལེགས་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ནས་མཚོ་བྱང་མཐོ་རིམ་ལས་རིགས་སློབ་གླིང(གྲ་སྒྲིག)འཕེལ་རྒྱས་འཆར་འགོད་ནང་འཇུག་རྒྱུ་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལས་རིགས་སློབ་གླིང་གི་རེ་ཞུའི་བྱ་བར་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་པ། སྦྲེལ་མཐུད་ལ་ཤུགས་སྣོན་པ། མ་དངུལ་བསྡུ་རུབ་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་ཀྱི་དམིགས་ཚད་ལས་འགན་ཆད་ལུས་མེད་པར་ལེགས་འགྲུབ་བྱེད་པ། ཚོང་འགུགས་མ་འདྲེན་བྱ་རྒྱུ་དེ་དཔལ་འབྱོར་བརྟན་པོ་དང་འཁོར་སྐྱོད་འགན་ལེན། ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གལ་ཆེའི་གནས་བབ་ཐོག་བཞག་ནས་ལོ་མགོར་ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་འགན་ཁག་བགོས་ལ་དམ་པོར་དམིགས་པ་དང་ཚོང་འགུགས་མ་འདྲེན་བྱ་བའི་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ། ཚོང་འགུགས་ཀྱི་རྣམ་པ་གསར་གཏོད་དང་ཚོང་འགུགས་ཀྱི་མི་མངོན་པའི་ནུས་པ་འཕེལ་བ་བཅས་བྱས་ནས་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་བསྣན་ཏེ་སྤུས་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

微信图片_20230612115431.jpg

ཚོགས་ཐོག་ཏུ་འབྲེལ་ཡོད་ཡིག་ཆའི་ཇུས་གཞིར་གྲོས་ཞིབ་དང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།