དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཀྲའོ་ཙེང་ཧྲེན་དང་ཀྲོའུ་ཀྲུང་ཡུས་སོགས་དང་མཉམ་དུ་བཞུགས་མོལ་གནང་བ།

2023-06-12 14:48:51   |   3486

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཁུལ་ཨུའི་དྲིལ་སྒྲོག་པུ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཙེང་ཧྲེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་གྱི་དགེ་རྒན་ཆེན་མོ་ཀྲོའུ་ཀྲུང་ཡུས་དང་བཅས་པར་མཇལ་འཕྲད་གནང་སྟེ། སློབ་གླིང་དང་ས་གནས་ཀྱིས་ལག་གདང་སྦྲེལ་ནས་དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཞིབ་འཇུག་དང་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་དེ་སྤུས་ཚད་མཐོ་བའི་ཏང་གི་སློབ་ཁྲིད་འཛུགས་པ་སོགས་ཀྱི་ལས་དོན་སྐོར་ལ་བཞུགས་མོལ་སྤེལ་རེས་གཏིང་ཟབ་པ་གནང་།

微信图片_20230612170109.jpg

བཞུགས་མོལ་གནང་སྐབས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་དམར་པོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་དང་དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་སྔོག་འདོན་དང་ལེགས་སྒྲིག་གནས་ཚུལ་ངོ་སྤྲོད་གནང་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་སྔོག་འདོན་ལེགས་སྒྲིག་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། མཚོ་བྱང་ནི་དམར་དམག་ནུབ་ལམ་དམག་དཔུང་གིས་སྔོན་ཆད་སྐྱོ་རྔམ་ལྡན་པའི་དམག་འཐབ་བྱས་མྱོང་བའི་ས་ཆ་ཞིག་ཡིན་པ་དང་། སྔོན་གཤེགས་དཔའ་བོའི་ཁྲག་དྲོན་གཏོར་བའི་གསར་བརྗེའི་གནས་མཆོག་དང་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ལྡན་པའི་ས་གཞི་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ཀའོ་ཐའེ་རྫོང་དུ་བརྟག་ཞིབ་གནང་སྐབས“ང་ཚོས་ཏང་གི་གཏམ་རྒྱུད་དང་། དམར་དམག་གི་གཏམ་རྒྱུད། ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་བཅས་ཡག་པོ་བཤད་ནས་གསར་བརྗེའི་རྒྱུད་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས”ཞེས་བསྟན་ཡོད། དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ལ་ཞིབ་འཇུག་ཡག་པོ་དང་སྔོག་འདོན་ཡག་པོ། དར་སྤེལ་ཡག་པོ་བཅས་བྱས་ཏེ། གསར་བརྗེའི་ཁྲག་རྒྱུན་སྔར་བས་ཡག་པོ་རྒྱུན་མཐུད་དང་གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་བྱ་རྒྱུ་ནི་མཚོ་བྱང་གིས་བསམ་པའི་མཐོ་ས་གཏོད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་གཏོད་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། མདོ་ལ་རྫོང་དང་འཇུ་ལག་རྫོང་གིས་དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ལེགས་སྒྲིག་བྱེད་བཞིན་ཡོད་པས། མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་ཁུལ་གྱི་དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་སློབ་གསོའི་རྟེན་གཞི་དང། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་གྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དམར་དམག་ནུབ་ལམ་དམག་གིས་མཚོ་བྱང་ནས་འཐབ་འཛིང་བྱས་པའི་གཏམ་རྒྱུད་དང་མཚོ་བྱང་མི་དམངས་ཀྱིས་ནུབ་ལམ་དམག་གི་འཐབ་མོ་བ་ཚོར་རོགས་རམ་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་སོགས་སྔོག་འདོན་བྱེད་པར་རྒྱབ་སྐྱོར་གནང་སྟེ། མཚོ་བྱང་གི་བསམ་པའི་མཐོ་ས་གཏོད་རོགས་བྱ་བའི་རེ་བ་བཏོན་ཡོད།

微信图片_20230612170114.jpg

ཀྲའོ་ཙེང་ཧྲེན་དང་ཀྲོའུ་ཀྲུང་ཡུས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཚན་ཞིབ་གསར་གཏོད་ཞིབ་འཇུག་ཁྱད་ལྡན་རིག་ཚན་ཚོགས་པའི་དམར་དམག་ནུབ་ལམ་དམག་དཔུང་གི་ཞིབ་འཇུག་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་བྱང་ཁུལ་གྱི་དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་སྔོག་འདོན་དང་ཞིབ་འཇུག་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས་དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་ཀྱི་ཏང་གི་སློབ་ཚན་སྤུས་ཏག་གསར་སྤེལ་གནང་བ་དང་། ལོ་རྒྱུས་ཆེད་རྩོམ་གསར་འབྲི་བྱེད་པ་འཆར་གཞི་བཀོད་པ་དང་། ཆེད་ལས་རུ་ཁག་གིས་འཇུ་ལག་དང་མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭར་ནུབ་ལམ་དམག་དཔུང་གི་ཞིབ་འཇུག་ལས་དོན་དང་མདོ་ལ་རི་བོའི་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་གི་འཛུགས་སྐྲུན་ལས་དོན་སོགས་ལ་མཛུབ་སྟོན་སྒྲིག་འཛུགས་བྱེད་དགོས། དེ་དང་ཆབས་ཅིག་ཏུ་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་ལ་ལས་གཞི་སྙན་ཞུ་ཧུར་ཐག་འབུལ་དགོས་པ་བསྟན་ཡོོད།

微信图片_20230612170120.jpg

མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུའི་ཨུ་ཡོན་དང་། གླིང་གཙོ་གཞོན་པ་དགེ་རྒན་ཆེན་མོ་མ་ཝུན་ཞང་དང་། ཀྲུང་དབྱང་རྩ་འཛུགས་པུ་ཁག23པའི་མཚོ་སྐྱོར་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་གཞོན་པ་དང་ཞིབ་འཇུག་པ་ཀུའུ་ཁྲེང་ཝེ། ཁུལ་ཨུའི་དྲིལ་སྒྲོག་པུ་དང་ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། ཁུལ་སློབ་གསོ་ཅུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་སྤེལ་རེས་བྱེད་པར་ཞུགས།


མཉམ་སྤྱོད།