དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-13 09:11:04   |   5765

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

微信图片_20230613091539.jpg

  • ཟླ6ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ལ་སིའི་ཙུང་ཐུང་ཁཱ་སི་ཐེ་ལོ་དང་གྲོས་མོལ་གནང་།

  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧུང་ཏུའུ་ལ་སི་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ།  ཞིབ་འཕྲིན།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན།1999ལོ་ནས་ད་ལྟའི་བར་དུ་རང་རྒྱལ་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྒོར་དུང་ཕྱུར4000ལྷག་བཏང་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཁྲི2000ལྷག་ལ་རོགས་སྐྱོར་བྱས།

  • རིམ་པ་གཉིས་པའི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་རྩེ་གྲའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཁྱོན་སློབ་ཚན5750གཏན་འཁེལ་བྱུང་།

  • རིག་གནས་གནས་སྐོར་པུས་བརྡ་ཐོ་བཏང་བ་སྟེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཚོད་ལྟའི་ས་ཁུལ་ཁག་གཅིག་བདམ་ནས་དུས་ཡུན་ལོ་གཅིག་རིང་རིག་གནས་གནས་སྐོར་ཁྲོམ་རའི་ཡིད་རྟོན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད།

  • གཞི་གྲངས་ལས་མངོན་པ་ལྟར་ན།  ཟླ་ལྔ་པར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་དེ་རླངས་འཁོར་གསར་པ་ཡོངས་ཀྱི་ཕྱིར་འཚོང་བྱེད་ཚད་ཀྱི30.1%ཟིན་ཡོད།

微信图片_20230613091548.jpg

  • ཕྱི་འབྲེལ་པུས་འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་མཚོ་ནང་དུ་གཏོང་བའི་སྒྲིག་བཀོད་འཁོར་སྐྱོད་ལ་ཚོད་ལྟ་བྱེད་པའི་ཐད་དུ་བསྟན་དོན། འཇར་པན་ཕྱོགས་ཀྱིས་རང་ཉིད་གཅིག་པུའི་ཁེ་ཕན་ལ་དམིགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་མཚོར་སྦགས་བཙོག་གཏོར་བཤིག་ཐེབས་པའི་འགན་འཁྲི་འཁུར་དུ་བཅུག་ན་མི་འོས་པ་དང་། དེ་ནི་སྒེར་སེམས་ཆེན་པོ་དང་འགན་མི་འཁུར་བའི་བྱ་སྤྱོད་ཅིག་རེད་ཅེས་བཤད།

  • དབྱི་ཐ་ལིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ཐ་ལིའི་ཙུང་ལི་སྔོན་མ་ཞིར་ཝེ་ཨོ·པེ་ལུའུ་སི་ཁོ་ཉི(西尔维奥·贝卢斯科尼)ཚེས12 ཉིན་གྱི་ཞོགས་པར་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་སྨི་ལན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཚེ་ལས་འདས་པ་དང་ལོ86ལ་སླེབས་ཡོད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་ལྟར་ན། དེ་རིང་ཧྲའན་ཞི་དང་ཧོ་ནན། ཨན་ཧེ། ཧུའུ་པེ་སོགས་ས་ཁུལ་ཁག་ཅིག་ཏུ་རིམ་པ8-10 ཅན་གྱི་གནམ་ལྕགས་དང་རླུང་ཆེན། ཡང་ན་སེར་བ་འབབ་པའི་གནམ་གཤིས་འདུག

  • ཀྲུང་གོ་ནད་ཡམས་འགོག་སྡོམ་ལྟེ་གནས་ཀྱིས་ཉིན་ཤས་གོང་རྒྱལ་ཡོངས་ཀྱི་པྲོག་གསར་ནད་དུག་འགོས་པའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་བཏང་བ་སྟེ། XBB དང་དེའི་ཡན་ལག་ཕལ་བའི་ས་གནས་དེ་གའི་ནད་དཔེའི་སྡུར་ཚད་རིམ་བཞིན་ཇེ་མང་དུ་ཕྱིན་ཡོད་པ་དང་། ཟླ5ཚེས22ནས་ཚེས28ཉིན་སྡུར་ཚད92.4%བར་འཕར་ཡོད།

微信图片_20230613091554.jpg

  • ཚེས10ཉིན “འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ”ཡི་ནང་གི་མི་སྣ་ཀོ་ཅེ་ཧྥང་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས།

  • ཡུན་ནན་བཟའ་བཅའི་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཁྱབ་བཏང་བ་སྟེ། རང་དགར་གྱིས་རྒྱུས་མངའ་མེད་པའི་རི་སྐྱེས་ཤ་མོ་འཐུ་བ་དང་ཕྱིར་འཚོང་། ཉོ་བ། བཟའ་བ་བཅས་བྱེད་མི་རུང་བའི་དྲན་སྐུལ་བྱས།

微信图片_20230613091558.jpg

  • ཉེ་ཆར། མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གྲྭ་དེ་འཇགས་རྣམ་ཞིབ་བཤེར་རྩིས་ལེན་བྱེད་མགོ་བརྩམས་པ་དང་། བསྐྱར་དར་རྟགས་ཅན་གྱི་འགུལ་འཁོར་དེ་མཚོ་བོད་ལྕགས་ལམ་དུ་བསྐྱོད་པའི་དུས་ཚོད་སླེབས་ལ་ཉེ།

640.gif

  • ཅང་སུའུ་སུའུ་ཀྲོའུ་ཡི་བུ་ཞིག་སེམས་ཆུང་མ་བྱས་པར་གཙང་པོའི་ནང་དུ་ལྷུང་བ་ན། ཉེ་འགྲམ་དུ་སྔོ་ཚལ་འདེབས་བཞིན་པའི་ལོ་དྲུག་ཅུར་སོན་པའི་རྒན་པ་ཅིན་ལིང་དབྱིན་དང་ཅིན་ཝུ་པོ་གཉིས་མྱུར་དུ་ཡོང་ནས་མཉམ་དུ་བྱིས་པ་དེ་བསྐྱབས།

སྲིད་ཇུས།

  • ཨན་ཧུའེ་ཡིས་བྱེད་ཐབས་བཏོན་པ་སྟེ།  སྒོ་བརྟག་སྨན་བཅོས་ཀྱི་དལ་འཕར་ནད་དང་དམིགས་བསལ་ནད་གཞིའི་གནས་གཏན་འཁེལ་གྱི་སྨན་ཁང་གི་གྲངས་འབོར་གྱི་ཚོད་འཛིན་མེད་པར་བཟོས་ནས། ཆ་རྐྱེན་དང་འཚམ་པའི་སྨན་སྐྱོབ་ནང་ཞུགས་མཁན་གྱིས་སྨན་སྐྱོབ་ནང་ཞུགས་ཡུལ་གྱི་རིམ་པ་དང་པོ་དང་དེའི་ཡན་གྱི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྒོ་བརྟག་སྨན་བཅོས་ཀྱི་དལ་འཕར་ནད་དང་དམིགས་བསལ་ནད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག

  • ཧྥུ་ཅན་གྱིས་བརྡ་ཐོ་བཏང་བ་སྟེ། སྲིད་གཞུང་གིས་མ་འཇོག་བྱས་པའི་སྤྱི་སྤྱོད་རླངས་འཁོར་འཇོག་སར་ནུས་རྒྱུ་གསར་བའི་རླངས་འཁོར་ཆུ་ཚོད24བཞག་ན། ཐོག་དང་པོར་འཇོག་མཁན་ལ་ཆུ་ཚོད2རིང་གི་རླངས་འཁོར་བཞག་པའི་ཞབས་ཞུའི་གྲོན་དངུལ་མི་བསྡུ།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཅི་ལིན་གྱི་ཤར་རྒྱུད་དང་སི་ཁྲོན་གྱི་ནུབ་རྒྱུད། ཡུན་ནན་དང་ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཨན་ཧུའེ་ཡི་ནུབ་རྒྱུད། ཧྥུ་ཅན་གྱི་བྱང་རྒྱུད། ཀོང་ཞི། ཀོང་ཏུང་གི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་ཀྱི་རེད།   

微信图片_20230613091603.jpg


མཉམ་སྤྱོད།