དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་གྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་འཚོགས་མགོ་བརྩམས་པ།

2023-06-13 09:22:06   |   5454

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས12ཉིན། མཚོ་བྱང་ཁུལ་གྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་ཐའེ་ཧྲན་མཐོ་རིམ་དོ་དམ་མཉམ་ཞིབ་ཁང་དུ་འཚོགས་མགོ་བརྩམས་ཤིང་། ཁུལ་དང་རྫོང་གི་དྲིལ་སྒྲོག་དང་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་ལས་སྒོའི་རྐང་འཛིན་པ། ཁུལ་དང་རྫོང་གི་ཕུལ་བྱུང་སྐད་འཕྲིན་སྤྱི་སྟེགས་དང་བརྙན་ཨང་ལས་སྒྲུབ་པ་བཅས་ཁྱོན་མི49དུས་ཡུན་གཟའ་འཁོར་གཅིག་གི་གསོ་སྦྱོང་ནང་ཞུགས།

微信图片_20230613155613.jpg

ཐེངས་འདིའི་གསོ་སྦྱོང་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཏང་ཀྲུང་དབྱང་གི་བསམ་བློ་དྲིལ་སྒྲོག་རིག་གནས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་བཅས་མཛུབ་ཁྲིད་དུ་བྱས་ནས་སྦྲེལ་དྲའི་དུས་རབས་ཀྱི་སྨྱན་སྦྱོར་ལས་སྒྲུབ་པའི་འགན་འཁྲི་སྒྲུབ་ནུས་དང་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ། བསམ་བློ་དྲིལ་སྒྲོག་རིག་གནས་ལས་སྒོའི་ཤེས་བྱ་དང་རྩལ་ནུས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཁ་ཕྱོགས། སྦྲེལ་དྲའི་དུས་རབས་ཀྱི་སྤྱི་པའི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་དེར་ཁ་གཏད་གཅོག་པ། འདུས་གྲུབ་སྨྱན་སྦྱོར་གྱི་གསར་འགྱུར་རྩོམ་འབྲི་སོགས་ཐད་ཀྱི་ཤེས་བྱ་དང་། སྤྱི་སྟེགས་དང་བརྙན་ཨང་གི་འཁོར་སྐྱོད་ཀྱི་སྔོན་ཐོན་ཉམས་མྱོང་བཅས་ལ་སློབ་སྦྱོང་བྱ་རྒྱུ་ཡིན་པར་མ་ཟད། ཡུལ་དངོས་ནས་ཞིབ་འཇུག་སློབ་སྦྱོང་དང་དངོས་སྦྱོང་སྦྱོང་བརྡར་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་ཞུགས་མི་སྣའི་སྦྲེལ་དྲའི་བསམ་གཞིག་དང་སྨྱན་སྦྱོར་མཉམ་འདྲེས་ཀྱི་དངོས་སྦྱོང་རྩལ་ནུས་ཆེ་རུ་གཏོང་དགོས།

微信图片_20230613155617.jpg

微信图片_20230613155622.jpg

འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་ཐོག འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྒྲིག་ཁྲིམས་ཀྱི་གཏན་འབེབས་སོ་སོ་བརྒྱུད་སྒྲོག་བྱས་པར་མ་ཟད། སྤུས་ཚད་མཐོན་པོས་གསོ་སྦྱོང་ལས་འགན་ལེགས་འགྲུབ་བྱས་ཏེ་སྔོན་དཔག་གི་ཕན་འབྲས་ཐོན་རྒྱུའི་ཐད་བླང་བྱ་ཞིབ་ཕྲ་བཏོན། སློབ་མ་ཚོས་གསོ་སྦྱོང་གི་སྒྲིག་ཁྲིམས་དང་གཏན་འབེབས་སོ་སོར་བརྩི་སྲུང་ནན་མོ་བྱས་ནས་སེམས་ཤུགས་ཡོད་རྒུས་སློབ་སྦྱོང་དང་གསོ་སྦྱོང་ནང་ཞུགས་པ་འབྲེལ་སློབ་སྦྱོང་དང་གསོ་སྦྱོང་གི་གྲུབ་འབྲས་དེ་རང་འཁྲིའི་བྱ་བ་ཡག་པོ་སྒྲུབ་པའི་སྒུལ་ཤུགས་སུ་བསྒྱུར་ཏེ། ལས་སྒོའི་ཆུ་ཚད་དང་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དང་ཟབ་ཚད། རྒྱ་ཆེ་ཚད་བཅས་ཆེ་རུ་བཏང་སྟེ་ལག་ལེན་བཀོལ་སྤྱོད་ཀྱི་ཚད་གཞི་དང་ཟུར་ཚད་དང་ཚད་གཞི་མཐོ་རུ་བཏང་སྟེ་སྨྱན་སྦྱོར་མཉམ་འདྲེས་ཀྱིས་ཁྱོན་ཡོངས་ནས་ནུས་པ་འདོན་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བཤད།


མཉམ་སྤྱོད།