དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མགོན་པོ་ཚེ་བརྟན་གྱིས་མདོ་ལ་རུ་མི་རིགས་ཆོས་ལུགས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

2023-06-13 15:57:19   |   20663

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་ཚེ་བརྟན་གྱིས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་དང་བཅས་པའི་སྣེ་ཁྲིད་དེ། མདོ་ལ་རྫོང་དུ་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད།

图片1.png

མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲའོ་ཅིན་དང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་འགན་འཁུར་བློ་མཐུན་གྱི་ཕེབས་རོགས་འོག ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་འཁོར་དང་བཅས་པས་ལས་དོན་སྙན་ཞུར་གསན་པ་དང་། བཞུགས་མོལ་སྤེལ་རེས། ཡུལ་དངོས་རྟོག་ཞིབ་བཅས་ཀྱི་བྱེད་ཐབས་སྤྱད་དེ། སྔ་རྗེས་སུ་མདོ་ལ་རྫོང་རྫ་དམར་ཡུལ་ཚོ་དང་ར་གདོང་སྡེ་ཁུལ་གསར་བ། རྫོང་མི་རིགས་སློབ་ཆུང་། རྫོང་སྨན་ཁང་། སྟོང་སོ་ཆེ་བའི་ཁ་ཆེའི་ལྷ་ཁང་། བཙུན་མོ་གཞོང་གྲོང་རྡལ་ཁ་སྒང་སྡེ་བ་སོགས་སུ་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྔོན་དུ་སྐྱོད་པ14”ཡི་བྱེད་སྒོ། སྡེ་བའི(སྡེ་ཁུལ)“སེ་འབྲུའི་ཁྱིམ་གཞིས”འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། མགོན་པོ་ཚེ་བརྟན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་ཡིན་པའི་མདོ་ལ་རྫོང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་སྤེལ་རེས་དང་མཉམ་འདྲེས་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་ནུས་ལྡན་པའི་འཚོལ་ཞིབ་དང་ལག་ལེན་རབ་དང་རིམ་པ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རིན་ཐང་བྲལ་བའི་ལས་དོན་ཉམས་མྱོང་བསགས་ཡོད། “མིང་བྱང་ལག་ཏུ་ཐོབ་ན་གསར་སྐྲུན་འགན་འཁྲི་རྫོགས་པའི”ལྷོད་གཡེང་གི་བསམ་བློ་ཁྱད་དུ་བསད་དེ། མདོ་ལའི་གསར་བརྗེའི་ཐོན་ཁུངས་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས། སྐྱེ་ཁམས་གནས་སྐོར་ཐོན་ཁུངས་ཕྱུར་བུར་གཏམས་པའི་དགེ་མཚན་བཅས་བེད་སྤྱོད་ཕུན་སུམ་ཚོགས་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་དགོངས་དོན་ཟབ་མོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཁུལ་ཨུའི“སྔོན་དུ་སྐྱོད་པ་གསུམ”གྱི་འཐབ་ཇུས་བཀོད་འདོམས་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་དང་། “མཐོང་ཐུབ་པ་དང་། ཚོར་ནུས་པ། ཕན་ནུས་ལྡན་པའི”་བྱེད་ཐབས་གསར་བ་དང་། ཐབས་ལམ་གསར་བ། གཞི་རྟེན་གསར་བ་བཅས་ཀྱིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མིག་མཐོང་ལག་ཟིན་ཐུབ་པ། མཉམ་འདྲེས་ཐུབ་པ་བཅས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་ཉམས་སྣང་གཏོད་དགོས་ཞེས་བསྟན།

图片2.png

མདོ་ལ་རྫོང་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གསན་རྗེས། མགོན་པོ་ཚེ་བརྟན་གྱིས་མདོ་ལ་རྫོང་གི་ལས་དོན་སྤེལ་ཚུལ་ལ་ཁས་ལེན་ཐག་ཆོད་གནང་བ་དང་འབྲེལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་། ཆོས་ལུགས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཚད་ལྡན་དུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་ཞིབ་ཕྲའི་བླང་བྱ་བཏོན། ཁོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས། ཁུལ་ཡོངས་བཅས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། མཚོ་བྱང་གི་སྤྱི་ཡོངས་ལས་དོན་ཡག་པོར་སྒྲུབ་པའི་ཁྲོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། མི་རིགས་ཆོས་ལུགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།


མཉམ་སྤྱོད།