དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-13 17:21:42   |   3994

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《སྤུས་ལེགས་དོ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས།

    微信图片_20230614091821.jpg

  • ཞིང་ལས་དང་གྲོང་གསེབ་པུའི་གྲོ་འཕྲུལ་བསྡུའི་བཀོད་གཏོང་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་དགུན་གྲོ་འདེབས་སའི་རྒྱ་ཁྱོན་མུའུ་དུང་ཕྱུར2.67ཟིན་པ་དང་འཇུག་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི1ཟིན་པ་དེ་དུས་མཚུངས་ལས13.4%འཕར་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་བཞིས་ཡིག་ཆ་བཀྲམ་པ་སྟེ། ད་ལོའི་ལོ་མཇུག་སྔོན་དུ་ཟླ་རེའི་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི10མན་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་ཐང་འཕར་དཔྱ་ཁྲལ་འཇལ་བཅག་བྱ་རྒྱུ་རེད།

  • དམངས་སྲིད་པུས་དོ་དམ་བྱ་ཐབས་དཔར་འགྲེམ་བྱས་པ་སྟེ། ས་མིང་ལ་མིང་བཏགས་པ་དང་མིང་བསྒྱུར་བའི་རྗེས་སུ་གཏན་འབེབས་གཞིར་བཟུང་ནས་ཞུ་ཚགས་བྱེད་དགོས།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ལས་གྲྭའི་འཕྲུལ་ཆས་ཐོན་རྫས་ཕྱིར་གཏོང་གྲངས་འབོར་དང་ཕྱིར་གཏོང་སྡོམ་འབོར་སྔོན་དཔག་བྱས་ན་དུས་མཚུངས་ལས་ཆ་སྙོམས10%ཡན་འཕར་ཡོད།

    微信图片_20230614091827.jpg

  • ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་ཕྱིར་ལོག་བྱེད་འདོད་པའི་ཐད་དུ་ཚེས13ཉིན་རང་རྒྱལ་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་བསྟན་དོན། རྒྱལ་སྤྱིའི་རྩ་འཛུགས་ནང་ཞུགས་རྒྱུ་དེ་སྤྱི་གླིང་དུ་འཆམ་འཆམ་བྱེད་པ་ལྟར་ཡོང་འདོད་ན་ཡོང་ཆོག་པ་དང་། འགྲོ་འདོད་ན་འགྲོ་ཆོག་པ་ཞིག་ཏུ་བརྩི་མི་རུང་ཞེས་བཤད།

    微信图片_20230614091832.jpg

  • ཚེས13ཉིན། 2023ལོའི་འཛམ་གླིང་བུད་མེད་སྟར་གྲུག་མཉམ་འབྲེལ་འགྲན་སྡུར་གྱི་དུས་མཚམས་གཉིས་པའི་ཀྲུང་གོའི་ཤང་ཀང་ས་ཚིགས་ཀྱི་འགྲན་སྡུར་ནང་ཀྲུང་གོའི་བུད་མེད་སྟར་གྲུག་རུ་ཁག་གིས་འགྲན་ཐེངས་དང་པོར་སྐར་གྲངས3:0གིས་ཁ་ན་ཏའི་རུ་ཆེན་ལས་རྣམ་པར་རྒྱལ་བ་དང་། འཛམ་གླིང་རིམ་པའི་མཉམ་འབྲེལ་འགྲན་སྡུར་ཐེངས་ལྔ་ལ་བསྟུད་མར་རྒྱལ་ཁ་ཐོབ།

སྤྱི་ཚོགས།

微信图片_20230614091837.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་སྔོན་པོའི་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་དེ་རིང་ཀོང་ཏུང་གི་དབུས་ལྷོ་རྒྱུད་དང་ཀོང་ཞིའི་ལྷོ་རྒྱུད། ཐེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་བཅས་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།

  • ཚེས13ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར55དང་སྒོར50ཆག་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རང་རྒྱལ་གྱིས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་རྣམ་པའི་ཁེ་ལས་ཁྲི་གཅིག་ཡན་འཛུགས་སྐྲུན་དང་སྐྱེད་སྲིང་བྱེད་རྩིས་ཡོད་ཅེས་བཤད།

  • མིག་སྔའི་བར་དུ་ཧོ་ནན་ཞིང་ཆེན་ཡོངས་སུ་གནས་གཏན་འཁེལ་གྱི་གསོག་ཉར་མཛོད819གཏན་འཁེལ་བྱས་ནས་གནོད་འཚེ་ཕོག་པའི་གྲོ་ཉོ་སྒྲུབ་བྱས་ཡོད།

  • ཉེ་ཆར་ཧང་ཀྲོའུ་དགེ་འོས་སློབ་ཆེན་དང་ཉིང་པོ་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་མང་པོ་ཞིག་གིས“རིག་གཞུང་གི་ཚུལ་མིན་གནད་དོན་སྐོར་གྱི་དཔྱད་རྩོམ་གསོག་ཚད་རྦད་དེ་གཙང་སེལ་བྱེད་དགོས”ཞེས་བཏོན།

  • ཀོང་ཏུང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས14ཉིན་གྱི་དུས་ཚོད9:30ནས11:30བར་དུ་ཀྲུའུ་ཅང་གཙང་པོའི་མཚོ་ཁོངས་ཁག་ཅིག་ཏུ་མེ་མདའ་དངོས་སུ་འཕེན་པའི་སྦྱོང་བརྡར་བྱ་རྒྱུ་ཡིན་པས་མཚོ་ནང་དུ་འཛུལ་མི་ཆོག་ཅེས་བསྟན།

    微信图片_20230614091842.jpg

  • ཏུན་ཧོང་ཞིབ་འཇུག་ཁང་གིས་མིག་སྔར་ཀན་སུའུ་ཡི་བྲག་བརྐོས་རི་མོའི་རིག་དངོས72ལ་གྲངས་འཛིན་བརྙན་པར་གྱི་གཞི་གྲངས་མཛོད་བསྐྲུན་ཡོད་ཅེས་བཤད།

    微信图片_20230614091847.jpg

  • ཀྲེ་ཅང་ཧང་ཀྲོའུ་ཡི་ཕྱི་ཟོག་སྐྱེལ་མཁན་ཕེང་ཆིང་ལིན་གྱིས་དངོས་པོ་སྐྱེལ་བའི་ལམ་བར་དུ་བུད་མེད་ཅིག་གཙང་པོར་མཆོང་བ་མཐོང་བ་དང་། ཤི་གསོན་གྱི་འགག་རྩའི་དུས་སུ་ཁོ་རང་སྨི10ལྷག་ཙམ་གྱིས་མཐོ་བའི་ཟམ་ཐོག་ནས་མར་མཆོང་སྟེ་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཆུར་ལྷུང་བའི་བུད་མེད་བསྐྱབས།

སྲིད་ཇུས།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཉིན་ཤས་གོང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས16བཏོན་པ་སྟེ། ཕྱིར་གཏོང་ནང་འདྲེན་གྱི་དངོས་རྒྱུག་ཤར་གཏོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་སྒྲོལ་བའི་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། ཟླ་རྗེས་མ་ནས་བཟུང་དམའ་སྲུང་གི་ཚད་གཞི་མི་རེར་ཟླ་རེར་སྒོར1395བར་སྤོར་རྩིས་ཡོད།

  • ཧྥུ་ཅན་གྱིས་ལོ་འཁོར་གྱི་ཐོན་ནུས་དང་སྤྱོད་ཚད་ཆ་རྐྱེན་ངེས་ཅན་ཞིག་ཏུ་སླེབས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་ཁེ་ལས་ལ་ཁེ་ལས་རྐྱང་པར་བྱ་དགའ་མཐོ་ཤོས་སྒོར་ཁྲི1000སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཀོང་ཏུང་གི་དབུས་ལྷོ་རྒྱུད་དང་ཀོང་ཞིའི་ལྷོ་རྒྱུད། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཐེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་བཅས་དང་ཡུན་ནན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།


    微信图片_20230614091851.jpg


མཉམ་སྤྱོད།