དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཁུལ་ཡོངས་ཀྱི་མཚོ་སྐྱོར་ལས་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་ལ་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་བ།

2023-06-14 09:37:43   |   2699

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས9ཉིན། མཚོ་བྱང་ཁུལ་གྱིས་མཚོ་སྐྱོར་ལས་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་གྱི་ཁ་གཏད་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་བརྗེ་རེས་བྱས་པ་དང་། འབྲེལ་ཡོད་བསམ་འཆར་དང་གྲོས་གཞིར་ཉན་ནས་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

图片1.png

བཞུགས་མོལ་ཚོགས་འདུའི་ཐོག མཚོ་སྐྱོར་ལས་བྱེད་པ7གྱི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས། ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་ཕྱོགས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁ་གཏད་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཡོངས་ལ་གུས་འདུད་ཞུས་ཤིང་། ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་མཚོ་སྔོན་དུ་བསྐྱོད་ཚུན་ཆབ་སྲིད་ལ་མཐོང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། བརྩེ་སེམས་ཟབ་མོ་དང་ལེགས་སྐྱེས་འབུལ་འདོད་ཆེན་པོ་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པར་བསྟན།

图片2.png

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཁ་གཏད་མཚོ་སྐྱོར་གྱི་ལས་སྟེགས་དང་སྲིད་ཇུས་ཡག་པོ་སྤྱད་དེ་ཁ་གཏད་རོགས་སྐྱོར་དེ་རིམ་པ་དེ་བས་གཏིང་ཟབ་པ་དང་ཁྱབ་ཁོངས་རྒྱ་ཆེ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ། ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ཀྲུང་དབྱང་ཁེ་ལས་དབར་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོགས་སྐྲུན་ལས་གཞིའི་ཕན་འབྲས་འདོན་སྤེལ་བྱས་ཚུལ་ལེགས་སྒྲིག་ནན་ཏན་བྱས་ཏེ། དམངས་འཚོའི་ལས་གཞི་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། རྫོང་སོ་སོའི་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་གཙོ་གནད་ལས་གཞི་འཆར་འགོད་ནན་ཏན་བྱེད་པ་དང་། “ལྔ་བཅུ་བཞིའི”འཆར་འགོད་ཀྱི་དུས་དཀྱིལ་ལེགས་སྒྲིག་དུས་ཐོག་ཏུ་ཡག་པོ་བྱེད་དགོས། སྐྱེ་ཁམས་མཐོ་སྒང་གཏོད་རྒྱུར་དམིགས་ནས་ཐོན་ལས་ཀྱི“གནས་བཞི”བསྐྲུན་པ་དང་། མཚོ་བྱང་གི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཧྲན་ཏུང་གི་སྤུས་ལེགས་ཁེ་ལས་ནང་འདྲེན་བཅས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་དགོས། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་བསྣན་ནས་མཚོ་སྐྱོར་ལས་བྱེད་པའི་ལས་དོན་དང་འཚོ་བ་སྐྱིད་པོ་ཡོང་བར་བྱེད་དགོས། མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་གིས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོག་འདོན་གཏིང་ཟབ་བྱེད་པ།  ཤུགས་སྣོན་ཚད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་སླར་ཡང་འབད་བརྩོན་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུར་རོགས་རམ་བྱེད་དགོས། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ངེས་པ་དོན་གྱིས་མཚོ་བྱང་འཕེལ་རྒྱས་ལ་ཤུགས་བསྣན་ནས་མཚོ་བྱང་གི་ཁྱབ་ཁོངས་སོ་སོའི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱེད་དགོས་པ་ནན་གྱིས་བསྟན།

图片3.png

ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་སྐབས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་མུ་མཐུད་ཆེ་རུ་བཏང་སྟེ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཁ་གཏད་མཚོ་སྐྱོར་ལས་དོན་གྱི་འདུ་ཤེས་གསར་པ་དང་བླང་བྱ་གསར་པ་ཕྱོགས་ཡོངས་ནས་སྟངས་འཛིན་ཡང་དག་བྱས་ཏེ། ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། རོགས་སྐྱོར་རོགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འདུ་ཤེས་དང་བྱེད་ཐབས། ཉམས་མྱོང་། ཆ་འཕྲིན་ཐོན་ཁུངས་སོགས་ཐད་ཀྱི་ལེགས་ཆ་དང་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་། ཚན་རྩལ་ལ་བརྟེན་ནས་ནུས་པ་འདོན་དགོས། ཤེས་ལྡན་མི་སྣའི་རོགས་སྐྱོར་དང་གྲོང་གསེབ་དར་སྤེལ། ལས་ཞུགས་ལས་གཏོད། སློབ་གསོ་སྨན་བཅོས་སོགས་ཀྱི་ཐད་བསམ་ཕྱོགས་སྔར་བས་གསལ་པོ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་བྱང་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པར་བསྟན།

图片4.png

ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་ཝང་ཡུང་ཁྲང་ཚོགས་འདུར་ཞུགས། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་མཚོ་སྐྱོར་ལས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྐྱོར་ལས་བྱེད་པ། ཧྲན་ཏུང་ཞིང་ཆེན་གྱི་གྲོང་ཁྱེར་བཞིའི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མི། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས། 


མཉམ་སྤྱོད།