དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་རྫོང་གིས“སྣོན་འཕྲི་སྒྱུར་བགོད”ཡག་པོར་སྤྱད་དེ་ཐོན་ལས་ལས་ཞུགས་ཀྱི་འབབ་འཕར་ཚད་གཞི་བརྟན་པོར་བསྲུངས་བ།

2023-06-14 10:31:54   |   12909

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ལོ་མགོ་ནས་བཟུང་། མདོ་ལ་རྫོང་གིས《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ལས་དོན་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་སྐུལ་འདེད་བཅའ་ཁྲིམས》 《གྲོང་གསེབ་དར་སྤེལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཐབས》དང“རིམ་ལྔའི་ཧྲུའུ་ཅི”ཡིས་གྲོང་གསེབ་དར་སྤེལ་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཤིང་། “སྣོན་འཕྲི་སྒྱུར་བགོད”ཀྱི་བྱེད་ཐབས་ཡག་པོར་སྤྱོད་རྒྱུ་མཐའ་འཁྱོངས་སྒོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་ལ་དམིགས་ནས་གསར་གཏོད་འཕེལ་བརྩོན་དང་དངོས་འཛིན་བདེན་སྒྲུབ་བྱས་པས། ཉེན་ཁ་ཅན་གྱི་ཁྱིམ་ཚང23གྱི་མི72དང་། ཞིབ་བཤེར་བྱེད་བཞིན་པའི་ཁྱིམ་ཚང11གི་མི28ཐོ་གསུབ་བྱས་པས། རྫོང་ཡོངས་ཀྱི་དབུལ་ཐར་མི་འབོར་དང་བརྟག་དཔྱད་བྱ་ཡུལ་གྱི2023ལོའི་དུས་ཚིགས་དང་པོའི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར4384ཟིན་ཞིང་། 2022ལོ་དང་བསྡུར་ན་དུས་མཚུངས་སྒོར199.66འཕར་ཞིང་། འཕར་ཚད4.77%ཟིན་ཡོད། 

སེམས་ནུས་ཡོད་རྒུས་ཇུས་འགོད་བྱས་ཏེ་ལས་ཞུགས་རོགས་སྐྱོར་ཐད“སྣོན་རྩིས”སྤྱད་པ། ལས་ཞུགས་གཞན་སྒྱུར་གསོ་སྦྱོང་ལ་རྒྱུན་མཐུད་སྒོས་དམ་འཛིན་ཏན་ཏིག་བྱས་ཐོག ལས་ཞུགས་གནད་སྨིན་རོགས་སྐྱོར་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གཞི་ཁྱོན་ཆེ་བ་དང་སྤུས་ཚད་མཐོ་བའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་། མིག་སྔའི་བར། རྫོང་ཡོངས་ཀྱི་དབུལ་ཐར་ངལ་རྩོལ་ནུས་ཤུགས་མི2250ལས་ཞུགས་གཞན་སྒྱུར་བྱས་པ་དང་། ཞིང་ཆེན་རིམ་པས་གཤམ་སྤྲོད་བྱས་པའི་དམིགས་ཚད་ལས་འགན་གྱི་མི་གྲངས2500ཡི90%ལེགས་འགྲུབ་བྱུང་ཡོད། ལས་རིགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས8སྤེལ་བ་དང་། གྲོང་གསེབ་ངལ་རྩོལ་ནུས་ཤུགས་མི་ཐེངས850ལ་གསོ་སྦྱོང་བྱས། དབུལ་ཐར་ངལ་རྩོལ་ནུས་ཤུགས13(བརྟག་དཔྱད་རོགས་སྐྱོར་བྱ་ཡུལ་ཚུད)ལ་ཞིང་ཆེན་ལས་བརྒལ་བའི་ལས་ཞུགས་འགྲིམ་འགྲུལ་ཁ་གསབ་སྒོར་ཁྲི1.04སྤྲད། 

སྲིད་ཇུས་གསོན་ཤུགས་ལྡན་པར་སྤྱད་དེ་དབུལ་སྐྱོར་རྒྱུ་ནོར་གྱི་གནད་དོན་དག་ཐེར་ཐད“འཕྲི་རྩིས”སྤྱད་པ། 2013ལོ་ནས2020ལོའི་བར་གྱི་དབུལ་སྐྱོར་རྒྱུ་ནོར་གཙང་བཤེར་དང་དཔྱད་དཔོག་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། རྫོང་ཡོངས་ཀྱིས་རིམ་པ་ཁག་དང་རིགས་སོ་སོའི་དབུལ་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར8.34བཏང་ནས་དབུལ་སྐྱོར་རྒྱུ་ནོར་ཁག373གྲུབ་པ་དང་། རྒྱུ་ནོར་གཞི་ཁྱོན་སྒོར་དུང་ཕྱུར7.7ཟིན་ཡོད། 《དབུལ་སྐྱོར་ལས་གཞིའི་རྒྱུ་ནོར་རྗེས་མཐུད་དོ་དམ་གྱི“ཕྱིར་བལྟས”གནད་དོན་དག་ཐེར་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ》བཟོས་ནས་པར་འགྲེམ་བྱས་ལ། དབུལ་སྐྱོར་ལས་གཞིའི་གནད་དོན་ཡོད་པའི་ཐོན་ལས་ཁག9ལ་གཅིག་སྡུད་བཅོས་སྒྲིག་བྱས། མིག་སྔའི་བར། དག་ཐེར་ཁག8ལེགས་སྒྲུབ་བྱས་པ་དང་། ལྷག་མ་ཁག1དག་ཐེར་བྱེད་བཞིན་ཡོད་པས། སྔོན་དཔག་ལྟར་ན། ཟླ6པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་དག་ཐེར་ཐོ་གསུབ་བྱ་འཆར་ཡོད།

 ནུས་ཤུགས་ཡོད་རྒུས་གསར་གཏོད་བྱས་ཏེ་ཐོན་ལས་ཀྱི་སྐུལ་ཁྲིད་ཐད“སྒྱུར་རྩིས”སྤྱད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དཔེ་སྟོན་རྫོང་བསྐྲུན་རྒྱུ་སྤྱི་འདོམས་སུ་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་སྐུལ་འདེད་བཏང་ལ། “གླིང་གཉིས་ཁུལ་གཉིས་གནས་གསུམ་རྒྱུད་བཞི་རྟེན་གཞི་ལྔ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་རྣམ་པ་དང་། “5+10”ཐོན་ལས་འཕེལ་རྒྱས་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། “ཐོན་ལས་མཉམ་འབྲེལ་སྒྲིག་གཞི+ཁེ་ལས+གཉེར་སྐྱོང་བྱེད་པོ་གསར་བ+རོང་འབྲོག་ཁྱིམ་ཚང”བཅས་ཀྱི་ཐོན་ལས་ཅན་གྱི་མཉམ་ལས་བྱེད་སྟངས་གསར་བ་འཚོལ་ཞིབ་དང་ཁྱབ་གདལ་བཏང་ནས། ཁྱོན་གཉེར་སྐྱོང་བྱེད་པོ་གསར་བ145དང་། ཐུན་མོང་དཔལ་འབྱོར་མ་རྐང་ལུགས་ཀྱི་མཉམ་ལས་ཁང45ཐོ་འགོད་བྱས། ནོར་ནག་ཐོན་ལས་མཉམ་འབྲེལ་སྒྲིག་གཞི་དང་། མདོ་ལའི་བོད་ལུག་ཐོན་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོའི་གཙོད་གནད་རྫོང་གི་མཉམ་འབྲེལ་སྒྲིག་གཞི1སྡེབ་སྐྲུན་བྱས། འབྲི་གཡག་རྟེན་གཞི2དང་། བོད་ལུག་སྟོང་གི་རྟེན་གཞི4། རྫོང་ཁོངས་ཀྱི་བཤས་གཏོང་ལས་སྣོན་ས་ཚིགས2བསྐྲུན་གྲུབ་ཅིང་། ཞིང་ཕྱུགས་ཚན་རྩལ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གསོ་སྦྱོང་གླིང་ཁེ་ལས་ཁག6ཏུ་བཅའ་སྡོད་བྱས་པས། “གནས་བཅུ་གཞི་གཅིག”གི་ཐོན་ལས་སྦྲེལ་ཐག་སྔར་བས་སྣུར་སྲིང་ཐུབ་པར་གྱུར། མ་དངུལ་སྒོར་ཁྲི5499.8དོན་འཁྱོལ་བྱས་ནས“རིམ་པ་ཁྲི་སྟོང”གི་བོད་ལུག་དང་ནོར་ནག་ཚད་ལྡན་ཅན་གྱི་ཐོན་སྐྱེད་གསོ་ཚགས་རྟེན་གཞི10བསྐྲུན་རྩིས་ཡོད་པ་དང་། “རིམ་པ་ཁྲི་སྟོང”གི་བོད་ལུག་དང་ནོར་ནག་ཚད་ལྡན་ཅན་གྱི་ཐོན་སྐྱེད་གསོ་ཚགས་རྟེན་གཞི10བསྐྲུན་ནས་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ལ་དོ་སྣང་བྱེད་ཡུལ་དང་། བཀྲག་མདངས་འཚེར་ས། འཕར་གཞི་གསར་བ་བཅས་མངོན་པར་སྐུལ་འདེད་བཏང་།

 བརྩེ་སེམས་ཟབ་མོས་ཞབས་འདེགས་ཞུས་ཏེ་བསྐྱར་དབུལ་སྔོན་འགོག་བརྟག་དཔྱད་ཐད“བགོད་རྩིས”སྤྱད་པ། 《2023ལོར་བསྐྱར་དབུལ་སྔོན་འགོག་བརྟག་དཔྱད་དང་རོགས་སྐྱོར་འབྲེལ་ཡོད་ལས་དོན་ཡག་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ》བཟོས་ནས་པར་འགྲེམ་བྱས་ཤིང་། “2411”བསྐྱར་དབུལ་སྔོན་འགོག་བརྟག་དཔྱད་ཀྱི་འགུལ་རྣམ་དོ་དམ་ལམ་སྲོལ་དང་ཉེན་ཟོན་ཆ་འཕྲིན་རྩིས་སྤྲོད་ལམ་ལུགས་དོན་འཁྱོལ་ནན་པོའི་སྒོ་ནས།  དབུལ་ལོག་དང་དབུལ་འགྱུར་གྱི་ཉེན་ཟོན་ཆ་འཕྲིན་སྣ་ཚོགས་འབྲེལ་ཡོད་ཡུལ་ཚོ(གྲོང་རྡལ)དང་སྡེ་བར་དུས་ཐོག་ཏུ་བཏང་སྟེ་ཁྱིམ་བཅར་ཞིབ་བཤེར་བྱས་པ་དང་འབྲེལ། འབྲེལ་ཡོད་ལས་རིགས་སྡེ་ཚན་ལ་ཕྱོགས་བསྡུས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་རྩིས་སྤྲོད་བྱས་པ་དང་། ཆ་རྐྱེན་དང་མཐུན་པའི་རོང་འབྲོག་དུད་ཚང་ཁག“སྤྲོད་འོས་ཡོངས་སྤྲོད་དང་། སྐྱོར་འོས་ཡོངས་སྐྱོར། འདེགས་འོས་ཡོངས་འདེགས། མི་གཅིག་ཆད་མེད”ཡོང་རྒྱུ་ཁག་ཐེག་བྱས། དེ་དང་ཆབས་ཅིག རེས་སྐོར་གཉིས་ཀྱི་དབུལ་ཐར་མི་འབོར་དང་བརྟག་དཔྱད་བྱ་ཡུལ་གྱི་འགུལ་རྣམ་ལེགས་སྒྲིག་ལས་དོན་ལེགས་པར་གྲུབ། མིག་སྔའི་བར། རྫོང་ཡོངས་སུ་ཁྱིམ་ཚང1473གྱི་མི4756དང་། བརྟག་དཔྱད་བྱ་ཡུལ“མི་སྣ་རིགས་གསུམ་པའི”ཁྱིམ་ཚང34ཡི་མི100ཡོད་ལ། “གང་གིས་མི་འདང་ན་དེ་གསབ་པའི”རྩ་དོན་གཞིར་བཟུང་། ཁྱིམ་ཚང་ལ་གཞིགས་ནས་ཕྱོགས་བསྡུས་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་པས། ཉེན་ཡོད་ཁྱིམ་ཚང23གྱི་མི72ཐོ་གསུབ་བྱས་པ་དང་། ཁྱིམ་ཚང11གི་མི28ལ་བརྟག་དཔྱད་བྱེད་བཞིན་ཡོད།


མཉམ་སྤྱོད།