དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-15 08:57:05   |   3298

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

640~1.jpg

  • ཟླ6ཚེས14ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཕའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་སྒྲོག་གནང་།

  • ཟླ6ཚེས14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • རྒྱལ་ཡོངས་ཀྱི་ས་གནས་སོ་སོས་མཐོ་རྒྱུགས་སྐར་གྲངས་ཞིབ་བཤེར་གྱི་དུས་ཚོད་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པ་དང་། ས་གནས་མང་ཆེ་བ་ནི་ཚེས23ནས26ཉིན་བར་ཡིན།

  • སློབ་གསོ་པུ་དང་དམག་ཨུ་ཆབ་སྲིད་ལས་དོན་པུ། དམག་ཨུ་རྒྱལ་སྲུང་སྐུལ་སློང་པུ་བཅས་ཀྱིས་བརྡ་ཐོ་བཏང་བ་སྟེ། ད་ལོར་རྒྱལ་ཡོངས་སུ་ཁ་ཕྱོགས་པའི་གནས་གཏན་འཁེལ་གྱི་ཅོན་ཧྲི23225བསྡུ་རྒྱུ་རེད།

    640 (1).jpg

  • ཉིན་ཤས་གོང་དུ་རང་རྒྱལ་གྱི་བར་སྣང་ས་ཚིགས་ཀྱིས་གྲུ་ཁང་ཕྱིའི་འགྱེད་འཕྲོའི་སྐྱེ་དངོས་རིག་པའི་ཕྱིར་མངོན་ཚོད་ལྟ་ཐེངས་དང་པོ་བྱས།

    640 (2).jpg

  • ཚེས14ཉིན་ཕྱི་འབྲེལ་པུས་བསྟན་དོན། འཇར་པན་ཕྱོགས་ཀྱིས་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱེད་པའི་གནད་དོན་ཐད་དུ་ཀུན་སློང་བཟང་བོས་གྲོས་མོལ་བྱེད་པའི་རྩ་དོན་བརྩི་སྲུང་མ་ཞུས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡང་ནས་བསྐྱར་དུ་འཁྲིད་འཛོལ་བྱས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ཀྱིས་ཆབ་སྲིད་ཀྱི་འཆལ་རྩེད་མཚམས་བཞག་ནས་ཕྱོགས་སོ་སོས་དོ་ཁུར་བྱེད་བཞིན་པའི་གནད་དོན་ཐག་གཅོད་ཐབས་ཀྱི་ཡང་དག་པའི་ལམ་དུ་སྔ་ཙམ་བསྐྱོད་དགོས་པའི་ཁ་ཏ་བྱས་པ་ཡིན་ཞེས་བསྟན།

  • ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པ་བརྒྱུད་ཨ་རིའི་རྒྱལ་དོན་བློན་ཆེན་ཨན་ཏུང་ཉི·པུ་ལིན་ཁེན་གྱིས་ཚེས18ནས19ཉིན་བར་ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་ལྟར་ན། དེ་རིང་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་ས་ཆ་མང་ཆེ་བ་དང་། ཧོ་ནན་གྱི་དབུས་བྱང་རྒྱུད། ཧྲན་ཏུང་གི་དབུས་ནུབ་རྒྱུད། ཨན་ཧེ་ཡི་བྱང་ཤར་རྒྱུད་སོགས་ཀྱི་དྲོད་ཚད་མཐོ་ཤོས37-39℃སླེབས་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད40℃ཡན་ལ་སླེབས་རྒྱུ་རེད།

    640 (3).jpg

  • ཀྲུང་གོའི་རྒྱལ་ཁབ་རི་མོ་ཁང་གི་ཡོན་ཧྲི་དང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཧོང་ཡུང་ཡུས་ཚེས13ཉིན་སྐུ་གཤེགས།

  • ཧེ་ལུང་ཅང་ཞིང་ཆེན་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆུས་རྨིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་རྟོག་དཔྱོད་དང་ལེན་བྱེད་བཞིན་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་ལྔ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས7.4%འཕར་ཡོད།

  • སན་ཡ་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས15ཉིན་གྱི་ཆུ་ཚོད9པ་ནས15པའི་བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ཏུ་དམག་དོན་སྦྱོང་བརྡར་བྱེད་རྒྱུ་ཡིན་པས་མཚོ་སྐྱོད་བྱས་མི་ཆོག་ཅེས་བསྟན།

  • དེ་རིང་ནས་བཟུང་པེ་ཅིང་དང་ཐེན་ཅིན་དབར་གྱི་ལྕགས་ལམ་མེ་འཁོར་འཁོར་སྐྱོད་རི་མོ་ལེགས་སྒྲིག་བྱས་པ་དང་“ཉིན་རེར་རི་མོ་རེ”གནད་སྨིན་ལག་བསྟར་བྱ་རྒྱུ་རེད།

    640.gif

  • ཅང་སུའུ་སུའུ་ཀྲོའུ་ཡི་རླངས་འཁོར་ཆུང་བ་ཞིག་སེམས་ཆུང་མ་བྱས་པར་གཙང་པོའི་ནང་དུ་ལྷུང་བ་ན། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ལིའུ་ཀྲི་ལུའུ་འཕྲལ་མར་ཆུ་ནང་དུ་མཆོངས་ཏེ་མཚོ་འགྲམ་གྱི་གྲོང་མི་དང་མཉམ་དུ་ཉེན་ཁར་ཐུག་པའི་མི་སྣ་བསྐྱབས།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་ནས་རིམ་པ་མཐོ་བ་དང་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་རྣམས་འོས་སྦྱོར་ལམ་ལུགས་བརྒྱུད་མཐོ་རིམ་མིང་བཏགས་ཐོབ་ཆོག་པ་ཁ་གསལ་བཏོན།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་བ་སྟེ། རྩལ་ནུས་མཁས་ཅན་གྱི་ལས་དོན་ཁང་གསར་པ་ཁག་ཅིག་བདམ་སྟེ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་རིམ་པའི་རྩལ་ནུས་མཁས་ཅན་གྱི་ལས་དོན་ཁང་ཚང་མས་རོགས་དངུལ་སྒོར་ཁྲི50སྤྲོད་རྒྱུ་རེད།

  • ཧྥུ་ཅན་གྱིས་བརྡ་ཐོ་བཏང་བ་སྟེ། དབང་པོ་སྐྱོན་ཅན་གྱི་ལོ་ཆུང་བྱིས་པའི་འོས་འགན་སློབ་གསོའི་དུས་མཚམས་སུ་འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་པའི་སློབ་གནས་ལ་འགན་ལེན་བྱེད་དགོས་པ་དང་། ཆ་རྐྱེན་གཅིག་མཚུངས་འོག་ཏུ་རྒྱུགས་སྤྲོད་མི་དགོས་པར་ཐག་ཉེ་སར་སློབ་ཞུགས་བྱེད་པའི་རྩ་དོན་ལྟར་དབང་པོ་སྐྱོན་ཅན་གྱི་ལོ་ཆུང་བྱིས་པ་སྔོན་ལ་སློབ་གྲྭར་ཞུགས་རྒྱུ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

འཚོ་བའི་དྲན་སྐུལ། 

  •  དེ་རིང་གི་གནམ་གཤིས། ཧྥུ་ཅན་གྱི་དབུས་ལྷོ་རྒྱུད་དང་ཀོང་ཏུང་གི་ས་ཆ་མང་ཆེ་བ། ཀོང་ཞིའི་ལྷོ་རྒྱུད། ཧེ་ནན་གླིང་ཕྲན་གྱི་བྱང་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཞིན་ཅང་དབྱི་ལི་ཡི་ཀླུང་རོང་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།

    640 (4).jpg


མཉམ་སྤྱོད།