དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-16 08:56:30   |   6495

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ6ཚེས16ཉིན་པར་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུ་ཡི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ་རྒྱུ་རེད།

  • ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་རྐྱེན་སྲོལ་ཚོགས་འདུ་ཚེས15ཉིན་པེ་ཅིང་དུ་འཚོགས།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་པའི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་རྒྱུན་མཐུད་སླར་གསོའི་རྣམ་པ་མངོན་པ་དང་། དེའི་ནང་ཞབས་ཞུའི་ལས་རིགས་འཕར་བ་ཅུང་མགྱོགས་པ་དང་བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་ཡོད།

  • རང་བྱུང་ཐོན་ཁུངས་པུའི་སྡོམ་རྩིས་ལས་མངོན་པ་ལྟར་ན། 2022ལོར་རང་རྒྱལ་གྱི“རྡོ་སྣུམ་དཀར་པོ”སྟེ་ལིས་ཀྱི་གཏེར་གསོག་ཚད་ཆེས་ཆེར་འཕར་བ་དང་འཕར་ཚད57%ཡིན།

    640.jpg

  • ཚེས15ཉིན་གྱི་དུས་ཚོད13:30སྟེང་རང་རྒྱལ་གྱིས་ཐེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཅི་ལིན་དང་པོའི་སྐར་མཐོའི06Aསོགས་སྲུང་སྐར41འཕེན་གཏོང་ལེགས་འགྲུབ་བྱས། དེ་ཡིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་མདའ་གཅིག་གིས་སྲུང་སྐར་མང་པོ་འཕེན་གཏོང་བྱས་པའི་ཟིན་ཐོ་གསར་པ་བཏོད།

    640 (2).jpg

  • ཚེས15ཉིན་ཧང་ཀྲོའུ་ཡི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་གཟེངས་བསྟོད་རྟགས་མ་སྟེ“ཧུའུ་ཧྲན”ཁྱབ་བསྒྲགས་བྱས།

  • ཚེས15ཉིན་གྱི་དགོང་མོར། པེ་ཅིང་བཟོ་པའི་ལུས་རྩལ་ཐང་དུ་སྤེལ་བའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཛའ་འགྲན་སྟེང་དུ་ཨ་ཀེན་ཐིན་རུ་ཁག་གིས་སྡུར་གྲངས2དང0ཡིས་ཨོ་སི་ཁྲུ་ལི་ཡའི་རུ་ཁག་ལས་རྣམ་པར་རྒྱལ།

སྤྱི་ཚོགས།

640 (4).jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་སྔོན་ཟོན་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཉིན་མོར་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་ས་ཆ་མང་ཆེ་བ་དང་། ཧོ་ནན་གྱི་བྱང་ཤར་རྒྱུད། ཧྲན་ཏུང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས37~40℃ཡིན་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད40℃ཡན་ཟིན་རྒྱུ་རེད།

    640~1.jpg

  • ཚེས15ཉིན་རིག་དངོས་ཆེད་མཁས་པ་གྲགས་ཅན་དང་གནའ་རྫས་རྟོག་ཞིབ་མཁས་ཅན། ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གི་ཚེ་གང་ཞིབ་འཇུག་མཁན་བཅས་ཡིན་པའི་སུན་ཅི་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ93ཡིན།

  • ཚེས14ཉིན། ཅི་ལིན་ཞིང་ཆེན་ཡིག་ཚགས་ཁང་གིས་སྔོན་གཤེགས་དཔའ་བོ་ཁྲིན་ཧན་ཀྲང་གི་དམག་འཐབ་ཡིག་ཚགས65ཁྱབ་བསྒྲགས་བྱས།

  • ཚེས15ཉིན། པེ་ཅིང་གྲོང་ཁྱེར་ཧེ་ཏེན་ཁུལ་མི་དམངས་ཁྲིམས་ཁང་གིས་མུ་ལིན་ཧན་གྱིས་མནར་གཅོད་བཏང་བའི་གྱོད་གཞི་ཡི་འདྲི་གཅོད་དང་པོའི་ཁྲིམས་བཅད་བསྒྲགས་བྱས་པ་དང་། མནར་གཅོད་བཏང་བའི་ཉེས་པ་ལྟར་གྱོད་པ་མུ་ལིན་ཧན་ལ་དུས་བཙོན་ལོ་གསུམ་དང་ཟླ་གཉིས་ཀྱི་ཉེས་ཆད་བཅད།

    640 (5).jpg

  • ཝེ་ཧྥང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས16ཉིན་གྱི་ཆུ་ཚོད12ནས19ཉིན་གྱི་ཆུ་ཚོད12བར་པོ་ཧེ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ཏུ་དམག་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་པས་མཚོ་སྐྱོད་བྱས་མི་ཆོག་ཅེས་བསྟན། 

  • ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས་ཆུ་འབྲས་ཀྱི་ཁྱབ་རྒྱ་ཆེ་བའི་ནད་འགོག་གཞི་རྒྱུ་གསར་པRBL12ཤེས་རྟོགས་བྱུང་བ་དང་། དེ་ཡིས་འབྲས་ནད་ཀྱི་གནོད་འཚེ་ཕོག་པའི་གནས་ཚུལ་འོག་ཐོན་འབོར་གྱི་གྱོང་གུན་ལས40%ཙམ་སེལ་ཐུབ།

སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གབ་སྒམ(盲盒)ཚོང་གཉེར་གྱི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་པ་སྟེ། ལོ8ལ་མ་སླེབས་པའི་ན་སོ་དར་ལ་མ་བབས་པའི་མིར་གབ་སྒམ་འཚོང་མི་ཆོག་པ་ཁ་གསལ་བཏོན།

  • པེ་ཅིང་གྲོང་ཁྱེར་སྨན་སྐྱོབ་ཅུ་ཡིས་བརྡ་ཐོ་བཏང་བ་སྟེ། ཟླ7ཚེས1ཉིན་ནས་བཟུང་གྲོང་ཁྱེར་དེ་གའི་གསར་སྐྱེས་ཕྲུ་གུའི་སྨན་སྐྱོབ་ཐོབ་ཐང་དེ་སྐྱེས་མ་ཐག་ནས་ལོངས་སུ་སྤྱད་ཆོག་ཅེས་བསྟན།

  • ཁྲེང་ཏུའུ་ཡིས་གཅེས་ནོར་གཉེར་སྐྱོང་བྱེད་སྒོ་ཚད་ལྡན་དུ་བཏང་བ་སྟེ། བྱི་ལའི་ཁ་ཧྥེ་ཁང་དང་ཁྱིའི་ཁ་ཧྥེ་ཁང་སོགས་ཚོང་ཁང་གིས་བཟའ་བཏུང་ཟ་ཡུལ་དང་གཅེས་ནོར་དང་མཉམ་དུ་རོལ་རྩེད་བྱེད་སའི་ཡུལ་གཉིས་ལ་དབྱེ་འབྱེད་ནན་མོ་དགོས་པ་ཁ་གསལ་བཏོན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་དང་། ཁྲུང་ཆིང་གི་ལྷོ་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུ་ཅན་དང་ཀོང་ཏུང་སོགས་ས་ཁུལ་དུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀོང་ཏུང་གི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

640 (6).jpg


མཉམ་སྤྱོད།