དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་བྱང་ངོགས་ཀྱི་གནས་སྐོར་བྱ་བར་རྟོག་ཞིབ་གནང་།

2023-06-16 09:17:05   |   4936

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་བྱང་ངོགས་ཀྱི་གནས་སྐོར་བྱ་བར་དམིགས་ཏེ་ཡུལ་དངོས་ནས་བརྟག་ཞིབ་བྱས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་འཆར་འགོད་སྣེ་ཁྲིད་མངོན་གསལ་དོད་པོ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན། ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བཅས་བྱས་ནས་གནས་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་བྱ་ཐབས་དངོས་བཏོན་ནས་དངོས་ཕན་དོན་གཉེར་བྱེད་དགོས་པ་ནན་གྱིས་བསྟན།

微信图片_20230616171435.jpg

微信图片_20230616171439.jpg

བུ་ཧ་ཆུ་བོ་དང་བྱ་གླིང་། རྐང་ཚ་རྫོང་བཅས་ཀྱི་དྲོད་ཚད་མཐོ་བའི་གད་སྙིགས་གཙང་སེལ་ས་ཚིགས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ཆུ་ལམ་བཅོས་སྐྱོང་དང་མཚོ་སྔོན་པོའི་མཚོ་ཆུ་རྒྱས་པ། གད་སྙིགས་གཙང་སེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ནན་མོ་ལག་བསྟར་གྱིས་མཚེའུ་ཆུ་དཔོན་ལམ་ལུགས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ“གཙང་པོ་བཞུར་ཐུབ་པ་དང་ཆུ་བོ་དྭངས་པ། གཙང་ངོགས་སྔོ་ལྗང་ལྡན་པ། ཡུལ་ལྗོངས་མཛེས་པ”བཅས་ཀྱི་སྐྱེ་ཁམས་གནས་འཕྲོད་ཁོར་ཡུག་ཧུར་ཐག་གཏོད་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་ནས་མཚོ་ཆུས་བསྣུབས་པའི་ས་ཁུལ་གྱི་མང་ཚོགས་ཀྱི་ཕྱུགས་འགོག་མཚོ་སྐྱོར་ཁ་གསབ་དང་བཀོད་སྒྲིག་སོགས་ཀྱི་བྱ་བ་ཏན་ཏིག་ངང་བསྒྲུབས་ཏེ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་མང་དུ་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་འབྲོག་པ་མང་ཚོགས་ལ་ཡོང་སྒོ་འཕར་རྒྱུར་སྐུལ་ཁྲིད་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྒྲིག་གལ་ཆེན་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་ཡར་སྐུལ་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ཡུལ་དངོས་ནས་འཚོ་བའི་གད་སྙིགས་བཅོས་སྒྲིག་ཚོགས་འདུ་ཡག་པོ་གཉེར་དགོས་པ་ནན་གྱིས་བསྟན།

微信图片_20230616171443.jpg

微信图片_20230616171446.jpg

བྱེ་མ་གསེར་ལྡན་དང་མཚོ་འཁྱིལ་གྱི་གསེར་ཉ་ཡར་འགྲོ་རྟོག་འཇལ་ས་ཚིགས། ཆུ་ཁོལ་ཉམས་ལེན་ཁུལ། གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམ་སྟོན་ཁུལ། གསེར་ཉའི་གཞིས་ཁྱིམ། དགོ་དམར་སྲུང་སྐྱོབ་ཁུལ་བཅས་དམིགས་བསལ་གཉེར་སྐྱོང་ས་ཚིགས6དང་དཀོན་ལོ་གོང་མ་སྡེ་བ། རབ་མཛེས་མཚོ་འཁྱིལ་རྩྭ་ཐང་སྤྲོ་གསེང་སྡེ་བ། སྨོན་ལམ་མཐོན་པོའི་ལྗོངས་ཁུལ་སོགས་བརྟག་ཞིབ་ས་ཚིགས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ལྗོངས་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། ལས་རྣམ་མང་པོ་དང་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རང་འགུལ་ངང་ཞིང་ཆེན་ཐིང་དང་ཅུའི་སྡེ་ཁག་སོ་སོ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལས་གཞིའི་མ་དངུལ་སོགས་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་བརྩོན་ལེན་བྱེད་དགོས་པར་བསྟན། དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་ས་ཚིགས་ཀྱི་འཆར་འགོད་འཛུགས་སྐྲུན་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་གང་ལེགས་བྱེད་པ། རྒྱལ་ཁབ་ཀྱི་མ་འཇོག་དང་གནས་སྐོར་མ་འཇོག་སོགས་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་ཡག་པོ་སྤྱོད་པ། ལྗོངས་ཁུལ་གྱི་ལམ་གློག་དང་ཕྱོགས་སྟོན་བྱང་བུ། ཞབས་ཞུ་ཁུལ་བཅས་གསར་སྒྱུར་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མཐུན་པའི་རླངས་འཁོར་འཇོག་ས་དང་སྡོད་གནས། བཙོག་ཆུ་དང་གད་སྙིགས་གནོད་མེད་ཅན་དུ་སྒྱུར་བ་ཚད་ལྡན་དུ་གཏོང་བ་དང་། གནས་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་མཛེས་ལྗོངས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། གནས་སྐོར་བ་མང་བའི་དུས་ཀྱི་ཞབས་ཞུའི་ནུས་པ་དང་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་བསྣན་ནས་གསེར་ཉ་ཡར་འགྲོའི་དུས་ཀྱི་སྲུང་སྐྱོབ་བྱ་བ་ཏན་ཏིག་སྤེལ་ནས་གསེར་ཉ་ཡར་འགྲོ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྐྱེ་ཁམས་དམར་ཐིག་ནན་སྲུང་གིས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་གྱི་ས་ཆ་འདེམས་པའི་བྱ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།

微信图片_20230616171450.jpg

微信图片_20230616171454.jpg

དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པ་རྐང་ཚ་རྫོང་ས་ཐོ་དགོན་དུ་ཕེབས་ནས་དགོན་སྡེའི་རང་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་བར་མ་ཟད། དམངས་གཉེར་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་བཞུགས་མོལ་བརྗེ་རེས་བྱས་ནས། དགོན་སྡེའི་ཆོས་ལུགས་བྱེད་སྒོ་དང་དམངས་ཁྲོད་མཚོ་གཏེར་འབུལ་བ། སྲོལ་རྒྱུན་ཟློས་གར་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། གེ་སར་རིག་གནས་སྲུང་སྐྱོང་རྒྱུན་འཛིན་རྟེན་གཞི་དང་ལྷ་མོ་ཁྲིད་སྦྱོང་ཁང་སོགས་ཀྱི་ལས་སྟེགས་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་དགེ་འདུན་པ་ཚོས་བོད་ལུགས་གསོ་རིག་དང་སྤོས་སོགས་ཀྱི་རྩལ་ནུས་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། དགོན་སྡེའི་དོ་དམ་བྱ་བ་སོ་སོ་ཏན་ཏིག་སྤེལ་ནས་དགོན་སྡེའི་དཔེ་ཁང་གང་ལེགས་སྤྱོད་རྒྱུ་དང་རྒྱ་ཆེའི་དགེ་འདུན་པ་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ལ་རྒྱབ་སྐྱོར་བྱ་རྒྱུ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས་པ་ནན་གྱིས་བསྟན། ཝང་ཡུང་ཁྲང་དང་ཧན་ཧྲི་ཡིས་མཉམ་དུ་བརྟག་ཞིབ་ལ་ཕེབས་རོགས་གནང་། 


མཉམ་སྤྱོད།