དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-19 09:02:46   |   5648

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • གྲོ་འཕྲུལ་བསྡུའི་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་སུ་དགུན་གྲོའི་རྒྱ་ཁྱོན་མུའུ་དུང་ཕྱུར2.97ལྷག་ཐོན་འབབ་བྱུང་ཡོད་པ་དང་། ཐོན་ཚད་བརྒྱ་ཆའི་གོ་ལྔ་ལས་བརྒལ་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་ཀྲུང་གོའི་རྒྱལ་མཚམས་བརྒལ་བའི་དྲ་འཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི2ལས་ཐོག་མར་བརྒལ།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོའི་ལོ་མཇུག་བར་དུ་རང་རྒྱལ་གྱི་གོ་ཆོད་ཚོང་རྟགས་ཐོ་འགོད་བྱེད་ཚད་ཁྲི4267.2ཡོད།

  • ཚེས18ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འབྲུབ་འགོག་རིམ་པ་བཞི་པའི་མཁོ་སྒྲུབ་དང་ལེན་ཁྱབ་ཁོངས་དེ་ཀོང་ཞི་དང་ཅང་སུའུ་སོགས་ཞིང་ཆེན་བརྒྱད་དུ་རྒྱ་ཆེར་བཏང་།

  • ཚེས18ཉིན་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུ་ཡི་པུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་བའི་ཆིན་ཀང་གིས་པེ་ཅིང་དུ་ཨ་རིའི་རྒྱལ་དོན་བློན་ཆེན་པུ་ལིན་ཁེན་དང་གྲོས་མོལ་གནང་།

    2.jpg

  • ཚེས18ཉིན། ཨེ་ཤེ་ཡའི་ལུས་རྩལ་ཀྱི་གཟེངས་རྟགས་འགྲན་སྡུར(体操锦标赛)སྐབས་བཅུ་པ་སིང་ཀ་ཕོར་དུ་མཇུག་སྒྲིལ་བ་དང་། ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ8དང་། དངུལ་གྱི་རྟགས་མ2དང་། ཟངས་ཀྱི་རྟགས་མ3བཅས་ཀྱི་གྲུབ་འབྲས་ཐོག་ནས་འགྲན་སྡུར་མཇུག་སྒྲིལ།

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ཀུའེ་ཀྲོའུ་ཡི་དབུས་རྒྱུད་དང་། ཧུའུ་ནན་གྱི་བྱང་རྒྱུད། ཨན་ཧེ་ཡི་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

    4.jpg

  • ཉེ་ཆར་རྒྱལ་ཁབ་ཀྱི་གཙོ་གནད་ཆུ་བེད་ལས་གྲྭ་སྟེ། ཧན་ཆུ་ཝེ་འདྲེན་གྱི་ལས་གྲྭ་ལ་ཆུ་འདྲེན་ལས་གྲྭའི་ཆུ་འདྲེན་དུས་མཚམས་ཀྱི་ཞིབ་བཤེར་རྩིས་ལེན་བྱས་པ་ན་ཆུ་འདྲེན་ཆ་རྐྱེན་འཛོམས་པ་ཁས་ལེན་བྱས།

  • ཚེས17ནས་ཚེས22ཉིན་བར་རང་རྒྱལ་གྱིས་རང་བདག་གིས་བཟོ་སྐྲུན་བྱས་པའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས་དང་པོ་སྟེ“གངས་འབྲུག་ཨང་གཉིས་པ”རྟགས་ཅན་གྱིས་ཚན་སློབ་མཉམ་འདྲེས་ཀྱི་སློབ་ཁྲིད་ཐེངས་དང་པོ་བྱས།

  • ཚེས18ཉིན་ཞིན་ཅང་ཏུའུ་ཁུའུ་གཞུང་ལམ་དངོས་སུ་ཡང་བསྐྱར་ཤར་གཏོང་བྱས་ཡོད་དེ། རི་ཁུལ་དུ་ཁངས་འབབ་པ་དང་དར་ཆགས་པ་སོགས་ཀྱི་ཤུགས་རྐྱེན་དབང་གིས་ཏུའུ་ཁུའུ་གཞུང་ལམ་ལོ་ལྟར་ཟླ་བ་ལྔ་ལྷག་ཁོ་ན་ལ་སྒོ་འབྱེད་རྒྱུ་རེད། 

  • སྒྲོན་ལྕོག་ཆེད་ལས་པར་མའི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས18ཉིན་གྱི་དུས་ཚོད15:30བར་དུ2023ལོའི་ལྔ་ལྔའི་དུས་ཆེན་སྐབས་ཀྱི་གློག་བརྙན་གསར་བའི་སྤ་སེ་གྲབས་འཚོང་གི་བཙོངས་འབབ་སྡོམ་འབོར་ཁྲི3000ལས་བརྒལ་ཡོད།

  • ཉེ་ཆར་ཁྲུང་ཆིང་པི་ཧྲན་སྤྱི་བདེ་ཡིས་སྤྱི་རྒྱ100ཟིན་པའི་ན་གིའི་སྐོགས་ལེབ་རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས།

    5.jpg

  • ཧུའུ་ལུའུ་གླིང་ཕྲན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས19ཉིན་གྱི་ཆུ་ཚོད5ནས16བར་དུ་པོ་ཧེའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་ཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་མཚོ་སྐྱོད་བྱ་མི་ཆོག་ཅེས་བསྟན།

    7.jpg

  • ཀྲེ་ཅང་ཧྥེང་ཧྭའི་སྐྱེས་པ་ཞིག་སྨི་བཅུ་ཕྲག་ཁ་ཤས་ཀྱིས་མཐོ་བའི་ཟམ་པའི་ཐོག་ནས་ཆུ་ནང་དུ་ལྷུང་བ་ན། གཞོགས་འདེགས་ཉེན་རྟོག་པ་ཝང་ཝེ་ཅང་གཙང་པོར་མཆོངས་ནས་མི་བསྐྱབས་པ་དང་། རྗེས་སུ་ཆུ་འགྲམ་གྱི་རུ་མི་དང་མཉམ་དུ་སྐྱེས་པ་མཚོ་འགྲམ་དུ་བླངས་ནས་སྲོག་བསྐྱབས།          

སྲིད་ཇུས།

  • ཁྲུང་ཆིང་གིས་བྱ་ཐབས་བཟོས་པ་སྟེ། ཟླ8ཚེས1ཉིན་ནས་བཟུང་བཟའ་བཏུང་ལས་རིགས་དང་གནས་སྐོར་ཞག་སྡོད་ལས་རིགས་ཀྱིས་རང་འགུལ་ངང་ལན་ཐེངས་གཅིག་ཅན་གྱི་མཁོ་ཆས་མཁོ་འདོན་བྱེད་མི་ཆོག

  • ཨན་ཧེ་ཡིས་བྱ་ཐབས་ཁྱབ་བསྒྲགས་བྱས་པ་སྟེ། གྲོང་གསེབ་དར་སྤེལ་གྱི་ཤེས་ལྡན་པའི་གོ་ཐོབ་ཞིབ་དཔྱད་བྱེད་པར་སྦྱངས་རབས་དང་། བསླབ་པ། ལོ་ཚད། བྱ་དགའི་རྣམ་གྲངས། དཔྱད་རྩོམ་བཅས་ཁོ་ནར་མི་ལྟ་བར་ཆ་རྐྱེན་དང་འཚམ་ན་ཚང་མས་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན།

  • ཀུའེ་ཀྲོའུ་ཡིས་སྲིད་ཇུས་བཏོན་པ་སྟེ། ཀུའེ་ཨན་ཁུལ་གསར་གྱིས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་ཀྱིས་ནང་འདྲེན་བྱས་ཤིང་ངེས་བཟུང་བྱས་པའི་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་དང་ནུས་མཐོའི་ཤེས་ལྡན་མི་སྣར་བྱ་དགའ་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

  •           ཞིན་ཅང་ཐེན་ཧྲན་གྱི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་དབུས་རྒྱུད་དང་ཤར་ལྷོའི་རྒྱུད། ནང་སོག་གི་བྱང་ཤར་རྒྱུད་དང་དབུས་རྒྱུད། ཧྲན་ཞིའི་བྱང་རྒྱུད་དང་ཤར་རྒྱུད། ཧོ་པེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད་དང་ཤར་རྒྱུད། ཅང་ཞིའི་བྱང་རྒྱུད། ཧོ་ནན་གྱི་ལྷོ་རྒྱུད། ཨན་ཧེ་དང་ཅང་སུའུ་ཡི་ས་ཆ་མང་ཆེ་བ། ཧྲང་ཧེ། ཀྲེ་ཅང་གི་བྱང་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཏུང་གི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧེ་ནན་གླིང་ཕྲན་གྱི་བྱང་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།

8.jpg


མཉམ་སྤྱོད།