དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་གསུམ་པའི་མཚོ་བྱང་ཁུལ་གྱི་བརྗོད་དོན་ཉིན་མོའི་ཆེད་དོན་བྱེད་སྒོ་བདེ་བླག་ངང་སྤེལ་བ།

2023-06-19 09:36:55   |   4370

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


བསིལ་ལྡན་གྲོང་ཁྱེར་ཟི་ལིང་དུ་འཛོམས་ནས། ལྗང་མདོག་རྒྱས་འཛོམས་མཉམ་དུ་རོལ།  ཟླ6པའི་ཚེས15ཉིན། ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་གསུམ་པ་མགོ་རྩོམ་པའི་སྐབས་སུ། མཚོ་བྱང་ཁུལ་བརྗོད་དོན་ཉིན་མོའི་ཆེད་དོན་བྱེད་སྒོ་ཟི་ལིང་དུ་རྒྱལ་ཁའི་ངང་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བྱེད་སྒོར་ཞུགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་བྱེད་སྒོར་ཞུགས། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་བྱེད་སྒོར་གཙོ་སྐྱོང་གནང་། བྱེད་སྒོའི་སྟེང་ཆེད་དུ་གདན་འདྲེན་ཞུས་པའི་ཧྲན་ཏུང་ཞིང་ཆེན་འཕེལ་བཅོས་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཁྲེན་ཧུང་ཧུའུ་དང་། མཚོ་སྔོན་ཞིང་ཆེན་འཕེལ་བཅོས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཏིང་ཡུང་ཧྲུན་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ།

微信图片_20230619113550.jpg

微信图片_20230619113556.jpg

ཁྲེན་ཧུང་ཧུའུ་ཡིས་མཚོ་སྔོན་ནི་རྨ་ཆུའི་མགོ་ཁུངས་དང་ཧྲན་ཏུང་ནི་རྨ་ཆུ་རྒྱ་མཚོར་འབབ་པའི་ས་ཁུལ་ཡིན་པའི་ངོས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་མོ་མཉམ་དུ་འཁུར་བཞིན་ཡོད། ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཀྱིས་ཧྲན་ཏུང་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཡིན། ཧྲན་ཏུང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པའི་འདུ་ཤེས་བརྟན་པོར་འཛུགས་པ། རོགས་སྐྲུན་ལས་སྟེགས་སྤྱད་ནས་ཧྲན་ཏུང་དང་མཚོ་བྱང་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བ། མཚོ་བྱང་ལ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུར་རམ་འདེགས་བྱེད་པ། མཚོ་སྔོན་གྱི་ལས་རིགས་སོ་སོའི་གྲོགས་པོ་དང་མཉམ་དུ་ཧྲན་ཏུང་དང་མཚོ་སྔོན་གྱི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བསྟན།

微信图片_20230619113602.jpg

ཏིང་ཡུང་ཧྲུན་གྱིས་མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་གནང་ཡུལ་ཡིན་པའི་ངོས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད་ལ། གནས་བབ་མཐོན་པོས་སྐྱེ་ཁམས་འདུ་ཤེས་ལག་ལེན་བསྟར་བ་དང་། ཚད་གཞི་མཐོན་པོས་སྐྱེ་ཁམས་བཙན་ས་གཏོད་པ། སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་བཅོས་སྐྱོང་བཅས་བྱས་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ད་ལོ་ནི་མཚོ་བྱང་གི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ལོ་དང་འཁེལ་བས། མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་ལས་སྟེགས་གང་ལེགས་སྤྱད་དེ་ཚོགས་ཞུགས་སྐུ་མགྲོན་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་རིན་ཐང་གཞན་སྒྱུར། སྐྱེ་ཁམས་མཉམ་ཁེ་གཉིས་ཕན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པ། ཕན་ཚུན་ཡིད་ཆེས་དང་གཉིས་ཕན། མཉམ་འགུལ་བཅས་ཀྱི་ཁྲོད་ཕྱོགས་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་ཆེད་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

微信图片_20230619113606.jpg

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་སྐབས། དུས་ཡུན་རིང་པོའི་ནང་མཚོ་བྱང་འཛུགས་སྐྲུན་ལ་ཐུགས་ཁུར་དང་རོགས་རམ། རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་གྱི་ཧྲན་ཏུང་འཐུས་མི་ཚོགས་པའི་མགོ་ཁྲིད་དང་སྐུ་མགྲོན། འབྲེལ་ཡོད་ཐིང་དང་ཅུ། སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཉེ་བའི་ལོ་ཤས་རིང་། མཚོ་བྱང་གིས“རྒྱལ་དོན་གྱི་ཆེ་ཕྱོགས”ཐོག་མཐའ་བར་གསུམ་དུ་སེམས་ལ་བཅངས་ནས“ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་ངེས་གནས་སྟངས་འཛིན་ནན་མོ་བྱས་ཏེ། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ”དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩིས་ནས་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་ཡང་བསྐྱར་ཞིབ་ལྟ་བྱས་པ་དང་། མདོ་ལ་རིང་མོ་དང་མཚོ་སྔོན་པོ་སྐྱེ་ཁམས་ཁོར་ཡུག་གི་ཕུན་སུམ་ཚོགས་པའི་ནང་དོན་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མདོ་ལ་རི་བོའི་ཆུ་ཁུངས་གསོ་སྐྱོང་སྐྱེ་ཁམས་ཁུལ་དང་། མཚོ་སྔོན་པོའི་རྩྭ་ཐང་དང་འདམ་སའི་སྐྱེ་ཁམས་ཁུལ་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་ཐོན་ལས་ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན་བྱས་ནས་ལྗང་མདོག་འཁོར་རྒྱུག་གི་དེང་རབས་ཐོན་ལས་འཕེལ་རྒྱས་མ་ལག་བཏོད་དེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་བཀོད་པ་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་ཕན་འབྲས་སྔར་བས་མངོན་གསལ་དོད་པ། སྐྱེ་ཁམས་བདེ་སྐྱིད་སྔར་བས་ཆེ་རུ་ཕྱིན་ཡོད། ཐེངས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུའི་ཆེད་དོན་བྱེད་སྒོ་གོ་སྐབས་སུ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་དམིགས་པ་དང་གཉིས་ཕན་གྱི་འདུ་ཤེས་རྒྱུན་འཛིན་བྱས་ཏེ། སྒོ་དབྱེ་དང་ཁོང་ཡངས་ཀྱི་རྣམ་འགྱུར་ཐོག་ནས་ཕྱོགས་སོ་སོ་དང་མཉམ་ལས་བརྗེ་རེས་གཏིང་ཟབ་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་བ་ཐོབ་པ་བྱས་ནས། ལས་རིགས་སོ་སོའི་གྲོགས་པོ་དང་མཉམ་དུ་སྐྱེ་ཁམས་དཔལ་ཡོན་མཉམ་སྐྲུན་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད། མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་པའི་རེ་བ་ཡོད་ཅེས་བསྟན།

微信图片_20230619113610.jpg

བྱེད་སྒོའི་སྐབས་སུ། ཁུལ་རིག་གནས་གནས་སྐོར་ཅུ་དང་རྫོང་བཞིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་དམིགས་ནས་ཕྱོགས་ཡོངས་དང་ཟུར་ཚད་མང་བ། རིམ་པ་གཏིང་ཟབ་པའི་སྒོ་ནས“དག་སྣང་མཚོ་བྱང”དང“གསེར་མདོག་འཇུ་ལག” “ལྷ་ཁམས་མདོ་ལ” “བོད་མཁར་རྐང་ཚ” “བདེ་བརྟན་མདའ་བཞི”བཅས་ཀྱི་རིག་གནས་གནས་སྐོར་ཆས་རྟགས་དྲིལ་སྒྲོག་འོས་སྦྱོར་བྱས་པས། མཚོ་བྱང་གི་སྐྱེ་ཁམས་ས་ཁོངས་ཧྲིལ་པོའི་གནས་སྐོར་གྱི་སྙན་གྲགས་དང་ཤུགས་རྐྱེན་མུ་མཐུད་ཆེ་རུ་ཕྱིན་ཡོད།

微信图片_20230619113614.jpg

བྱེད་སྒོའི་མཇུག་ཏུ་མཚོ་བྱང་ཁུལ་གྱི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱས་པ་དང་། སྙན་ཞིང་འཇེབས་པའི་སྒྲ་སྙན་འབྲུག་མགོ་མ་དཀྲོལ་གཏོང་དང་། ཚོན་མདངས་རྣམ་པར་བཀྲ་བའི་བོད་རིགས་གྱོན་ཆས། སྤུས་ལེགས་ཕུལ་བྱུང་གི་དཔའ་རིས་ལག་ཤེས་བོད་རུམ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དཔའ་རིས་གཉེན་སྒྲིག་གོམས་སྲོལ་སོགས་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱས་ནས། མཚོ་བྱང་ཁུལ་གྱི་མི་རིགས་རིག་གནས་ཀྱི་ནང་དོན་ཟབ་མོ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གང་ལེགས་སྒོས་མངོན་པ་དང་རྒྱ་ཆེའི་གྲོགས་པོ་ཚོས་མཚོ་བྱང་ལ་རྒྱུས་ལོན་དང་མཚོ་བྱང་ལ་ཡོང་བ། མཚོ་བྱང་ལ་དགའ་བའི་ཡིད་དབང་བཀུག་ཡོད།

ཧྲན་ཏུང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་སྤྱི་ཁྱབ་བཟོ་བཀོད་པ་ཀྲའོ་ཧུའེ་དང་། ཧྲན་ཏུང་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་དབྱི་དབྱིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧྲའོ་ཅུན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའི་སྤྱི་ཁྱབ་བཟོ་བཀོད་པ་ཐེན་ཅན། མཚོ་བྱང་ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་། སངས་འབུམ། ཞུས་ཡུང་ཀུང་། ཧྲན་ཏུང་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་། རྫོང་བཞིའི་སྲིད་གཞུང་དང་ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བྱེད་སྒོར་ཞུགས།


མཉམ་སྤྱོད།