དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་དུས་རབས་གསར་བའི་གཞོན་ནུ་བཟང་བོའི་སློབ་སྦྱོང་དང་དྲིལ་སྒྲོག འདེམས་སྐྱོང་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ།

2023-06-19 11:41:27   |   10676

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱེད་པ། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བ་དགའ་སྤྲོས་བསུ་བ(མདོ་ལ་རྫོང་གི་སྲིད་དབང་བཙུགས་ནས་ལོ70འཁོར་བ)། དུས་རབས་ཀྱི་སྲོལ་གསར་དར་སྤེལ་དང་། དུས་རབས་ཀྱི་མི་གསར་བ་ཞིག་ཏུ་བརྩོན་ལེན་བྱེད་པ་བཅས་ལ་དམིགས་ནས། མདོ་ལ་རྫོང་སློབ་གསོའི་མ་ལག་གིས་རྩ་བ་བཙུགས་ཏེ་བླ་སྲོག་བསྐྲུན་པ་དང་། རིན་ཐང་སྣེ་ཁྲིད། ལག་ལེན་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། “མི་ཚེའི་སྒྲོག་གུ་ཐོག་མ་ལེགས་པར་སྒྲོག་པ་དང་། དུས་རབས་གསར་བའི་གཞོན་ནུ་བཟང་བོ་བྱེད་པར་བརྩོན་ལེན་བྱེད་པ”བཅས་བརྗོད་དོན་གཙོ་བོར་བཟུང་ཐོག དུས་རབས་གསར་བའི་གཞོན་ནུ་བཟང་བོའི་སློབ་སྦྱོང་དྲིལ་སྒྲོག་དང་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་ཚུལ་བློ་ལ་སིམ་པ་དང་སེམས་སུ་འཇགས་པ། བྱ་བྱེད་དུ་འཁྱེར་བ་བཅས་ཀྱི་མི་སྐྱོང་བརྒྱུད་ལམ་ཟམ་མ་ཆད་པར་རྒྱ་བསྐྱེད་དེ། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ཐད་སྐུལ་འདེད་ཀྱི་ནུས་པ་ཧུར་ཐག་ངང་འདོན་སྤེལ་བྱས།

640 (1).png

640.png

སྔོན་ཐོན་སློབ་སྦྱོང་དང་ཡ་རབས་དཔེར་འཛིན། སློབ་གྲྭ་ཁག་གིས་རྒྱལ་དར་འོག་གི་གཏམ་བཤད་དང་། དྲིལ་སྒྲོག་ལེ་ཚན། སློབ་གྲྭའི་རླུང་འཕྲིན། སྒོ་སམ་ཚགས་པར། བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས“དུས་རབས་གསར་བའི་གཞོན་ནུ་བཟང་བོའི”སློབ་སྦྱོང་དྲིལ་སྒྲོག་བྱེད་སྒོ་ཧུར་ཐག་ཏུ་སྤེལ་ནས། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང15ཞུགས་ཚད100%ཟིན་ཡོད། སློབ་གྲྭ་ཁག་གིས་སྤྱོད་ཡོན་གཉིས་ལེགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་སློབ་སྦྱོང་ལ་འབད་བརྩོན་དང་། རང་ཚུགས་རང་བརྩོན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། སྲོལ་རྒྱུན་བཟང་བོ་དར་སྤེལ། ལྷག་བསམ་སྤྱི་ཕན་བྱེད་སྒོ་སོགས་ཀྱི་ཐད་ནས་ཕུལ་དུ་བྱུང་ཞིང་བྱས་རྗེས་མངོན་གསལ་དོད་པའི་གཞོན་ནུ་རྣམས་“དུས་རབས་གསར་བའི་གཞོན་ནུ་བཟང་བོ”རུ་བདམས་པ་དང་། ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱས་པ་བརྒྱུད། “སྤྱོད་ཡོན་གཉིས་ལྡན་དང་། མཐུན་སྒྲིལ་རོགས་རེས། དཔལ་ཡོན་སྒྲིག་བརྩི། ཤེས་འཇོན་གཉིས་ལྡན། རྒན་བཀུར་ཆུང་གཅེས། རང་བརྩི་རང་བརྩོན། གཞུང་དྲང་ཡིད་རྟོན”བཅས་ཀྱི་དུས་རབས་གསར་བའི་གཞོན་ནུ་བཟང་བོ་བྱེད་པར་བརྩོན།

མིག་ལྟོས་གཟུར་མེད་དང་བསམ་ཤེས་སྤྱོད་མཁས། སྤྱི་དམངས་ཀྱི་ཀུན་སྤྱོད་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། “སློབ་སྦྱོང་དང་ཐོད་སྙེག”གི་ཁོར་ཡུག་ཧུར་ཐག་བསྐྲུན་ནས་ནར་མ་སོན་པའི་མིར་སློབ་སྤྱོད་ཟུང་འབྲེལ་དང་ཤེས་སྤྱོད་ཟུང་འབྲེལ་བྱེད་པར་ཁྲིད་སྟོན་བྱས། 《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་གཏན་བྱ་སྤྱོད་ཚད་གཞི》དང་ཟུང་འབྲེལ་བྱས་ནས། སློབ་མར་གཞི་རྩའི་ཀུན་སྤྱོད་ཚད་གཞི་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་། ཡ་རབས་གུས་ལུགས་ཀྱི་ཤེས་བྱ་བཅས་སྒྲོག་འགྲེལ་བྱས། ལེ་ཧྥེང་ལ་སློབ་སྦྱོང་དང་དུས་ཆེན་གལ་ཆེན་གྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། “ཁྱིམ་སྟོང་གི་རྒན་རྒོན་ལ་གཅེས་སྐྱོང་བྱེད་པ”དང་། “བདག་གིས་ཕ་མར་སྲི་ཞུ་སྒྲུབ་པ”། “ཡ་རབས་སྤྱོད་བཟང་འཚར་ལོངས་ཀྱི་གྲོགས་སུ་སྦྲན་པ”སོགས་ཀུན་སྤྱོད་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ། “དཔལ་ཡོན་ང་ཡི་ངག་ན་ཡོད”། “དཔལ་ཡོན་ང་ཡི་ལག་ན་གནས”། “དཔལ་ཡོན་ང་ཡི་ལམ་ན་ཡོད”། “དཔལ་ཡོན་ང་ཡི་སེམས་ན་ཡོད”ཅེས་པ་སོགས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། དཔལ་ཡོན་གྱི་གོམས་སྲོལ་སློབ་གྲྭར་ཁྱབ་པ་དང་། སློབ་ཁང་དུ་འདྲེན་པ། སེམས་སུ་འདྲེས་པ་བཅས་བྱས།

དཔེ་མཚོན་འདེམས་སྐྱོང་དང་དཔའ་ངར་མདུན་སྐྱོད། དྲུག་གཅིག་དང་ལྔ་བཞིའི་རིང་སྔོན་ཐོན་འཛིན་གྲྭའི་མཉམ་སྡེབ142དང་། རིགས་ཁག་གི་སྔོན་ཐོན་དཔེ་མཚོན་མི་སྣ1130འདེམས་སྐྱོང་གཟེངས་བསྟོད་བྱས་པའི་ནང་། དུས་རབས་གསར་བའི་གཞོན་ནུ་བཟབ་བོ40ཟིན་ཡོད། གོམ་སྟབས་རྗེས་མར། དཔྱད་འདེམས་ཚད་གཞིར་དམིགས་ནས“དཔལ་ཡོན་གུས་ལུགས་ཀྱི་སྐར་ཆེན”དང་། “བློ་གྲོས་སློབ་སྦྱོང་གི་སྐར་ཆེན”། གཞོན་ནུ་བཟང་བོ་ལྔ་བཅས་བདམས་ནས་སློབ་གྲྭའི་གང་སར་ཞི་མཐུན་དཔལ་ཡོན་དང་། སློབ་སྦྱོང་ལ་འབད་བརྩོན། ཡར་ཐོན་བརྩོན་ལེན། ཀུན་སྤྱོད་བཟང་བ། མཐུན་སྒྲིལ་མཛའ་གཅུགས་བཅས་ཀྱི་མེ་ཏོག་རྣམ་པར་བཞད་པར་བརྩོན་དགོས།


མཉམ་སྤྱོད།