དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-20 08:42:08   |   9238

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཟླ6ཚེས19ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་མགོ་བརྩམས། ཞི་ཅིན་ཕིང་དང་ཀྲོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཞེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ཚོགས་འདུར་ཕེབས་ཏེ་རྟེན་འབྲེལ་ཞུས་པ་དང་། ཚེ་ཆིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

    640.jpg

  • ཟླ6ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨ་རིའི་རྒྱལ་དོན་བློན་ཆེན་པུ་ལིན་ཁེན་དང་མཇལ་འཕྲད་གནང་།

  • ཉིན་ཤས་སྔོན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྤུས་ཚད་མཐོ་བའི་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་མ་ལག་སྔར་ལས་ལྷག་པར་བསྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དཔར་འགྲེམ་བྱས།

  • ཚེས19ཉིན་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་འགན་འཁྲི་བདའ་འདེད་ལས་དོན་ཚང་མ་ལེགས་པར་གྲུབ་པ་དང་། ཁྱོན་འགན་འཁྲི་བདའ་འདེད་ཀྱི་གནད་དོན158རྩིས་སྤྲོད་བྱས་ལ་མི3371ལ་འགན་འཁྲི་བདའ་འདེད་བཏང་།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་ལྔ་པར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས11.7%འཕར་ཡོད་པ་དང་། ཅུང་མགྱོགས་པའི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། “2023ལོའི་མཐོ་རྒྱུགས་དྲ་ཐོག་བློ་འདྲིའི་གཟའ་འཁོར”གྱི་བྱེད་སྒོ་དེ་ཚེས22ནས་ཚེས28ཉིན་བར“ཀུན་གསལ་མཐོ་རྒྱུགས་ཆ་འཕྲིན་སྟེགས་བུ”རུ་སྤེལ་རྒྱུ་རེད།

  • རིག་གནས་གནས་སྐོར་པུས་ཡིག་ཆ་བཀྲམ་པ་སྟེ། ས་གནས་སོ་སོའི་གནས་སྐོར་གསང་སྤྱོད་ཀྱི་གློག་རྡུལ་ས་བཀྲའི་མཚོན་རྟགས་འགོད་ཚད95%ཡན་ཟིན་དགོས་པ་ཁ་གསལ་བཏོན།

སྤྱི་ཚོགས།

  • ཚེས21ཉིན་ནས་བཟུང་ཧྭ་བྱང་དང་ཧོང་ཧེ་སོགས་ས་ཁུལ་དུ་དྲོད་ཚད་མཐོ་བའི་གནམ་གཤིས་འདུག་པ་དང་། པེ་ཅིང་དང་ཧོ་པེ། ཐེན་ཅིན། ཧྲན་ཏུང་སོགས་ས་ཁུལ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས39℃ལས་བརྒལ་རྒྱུ་རེད།

  • ཚེས19ཉིན་ཆུ་བེད་པུ་ཡིས་ལྷོ་ཕྱོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས10ལ་དམིགས་ནས་ཆུ་ལོག་སྔོན་འགོག་གི་རིམ་པⅣཅན་གྱི་མཁོ་སྒྲུབ་དང་ལེན་གྱི་མགོ་བརྩམས་པ་མ་ཟད། ལས་དོན་ཚོགས་ཆུང་མངགས་ནས་དྲག་ཆར་དང་ཆུ་ལོག་སྔོན་འགོག་ལས་དོན་ལེགས་པར་སྒྲུབ་པར་མཛུབ་ཁྲིད་བྱས།

  • ཚེས19ཉིན་ཤང་ཀང་ཉོ་ཚོང་སུའོ་ཡི“ཤང་ཀང་གི་དངུལ་ལོར་དང་མི་དམངས་ཤོག་སྒོར་གྱི་ཚོང་སྒྲོམ་གཉིས་ཀྱི་རྣམ་པ”དངོས་སུ་སྤེལ་འགོ་བརྩམས་པ་དང་། མ་འཇོག་མཁན་གྱིས་ཤང་ཀང་གི་དངུལ་ལོར་རམ་ཡང་ན་མི་དམངས་ཤོག་སྒོར་གྱིས་འགྲེམ་སྤེལ་བྱེད་མཁན་རིགས་གཅིག་གི་དངུལ་འཛིན་གདམ་ག་བྱེད་ཆོག

  •    ཚེས19ཉིན། གསར་དུ་བསྐྲུན་པའི་ཀོང་ཀྲོའུ་པེ་ཡུན་མེ་འཁོར་འབབ་ཚུགས་ཀྱི་ཁང་ཀླད་བཀབ། ལེགས་པར་གྲུབ་རྗེས་ཀོང་ཀྲོའུ་འབབ་ཚུགས་དང་ཀོང་ཀྲོའུ་ཡི་འབབ་ཚུགས་ཤར་མའི་མྱུར་ཚད་སྤྱིར་བཏང་ཅན་གྱི་མེ་འཁོར་ཚང་མའི་ཚབ་བྱེད་རྒྱུ་རེད།

  • ཚེས19ཉིན། ལུའུ་ཆེ་གེ་མོ་དང་། ཁྲེན་ཆེ་གེ་མོ། ཏེང་ཆེ་གེ་མོ་སོགས་གློག་འཕྲིན་གཡོ་ལེན་གྱི་ཉེས་གསོག་དོགས་ཅན6འབར་མའི་ཉེན་རྟོག་ཕྱོགས་ཀྱིས་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱི་ལས་དོན་ཚོགས་ཆུང་ལ་སྤྲད་པ་དང་། ཉིན་དེར་རང་རྒྱལ་དུ་རྫི་སྐྱེལ་བྱས།

    640 (2).jpg

  • ཀོང་ཏུང་ཉེན་རྟོག་ཕྱོགས་ཀྱིས་མཚོ་ཐོག་གི་རྒྱལ་ཁོངས་ལས་བརྒལ་བའི་དུག་རྫས་ལྐོག་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན56འཛིན་བཟུང་བྱས་ལ་དུག་རྫས་ཁོ་ཁ་དབྱིན་ཏུན1གཞུང་བཞེས་བཏང་།

སྲིད་ཇུས།

  • ཐེན་ཅིན་གྱིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐོག་མའི་བཅད་གྲངས་མཐོ་ཤོས་སྒོར་ཁྲི80ནས་སྒོར་ཁྲི100བར་མཐོ་རུ་གཏོང་རྒྱུ་རེད།

  • ཨན་ཧེ་ཡིས་ཇུས་གཞི་དཔར་འགྲེམ་བྱས་པ་སྟེ། 2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་དྲ་ཚིགས་སུ་འབེབས་འབྱེད་མི་ཐུབ་པའི་འགྱིག་ཤོག་གི་ཕྱི་ཐུམ་སྤྱོད་མི་ཆོག་པ་བཟོ་རྒྱུ་རེད།

  • ཧོ་པེ་ཡིས་ཆ་རྐྱེན་དང་འཚམ་པའི་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མར་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ་སྤྲད་པ་དང་། ཁ་གསབ་ཚད་གཞི་མི་རེར་སྒོར2000ཡིན།

    དེ་རིང་གི་གནམ་གཤིས།

    640 (3).jpg

  • ཡུན་ནན་གྱི་བྱང་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཧུའུ་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཨན་ཧེའི་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད་བཅས་དང་ནང་སོག་གི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་ཡོད་པ་དང་། དེ་དག་ལས་ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་དང་། ཀོང་ཞིའི་ནུབ་བྱང་རྒྱུད། ཧུའུ་ནན་གྱི་ཤར་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཨན་ཧེའི་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།