དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་འདེད་ཚོགས་འདུ་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་ཡུལ་དངོས་ཚོགས་འདུ་གཉིས་བསྡུས་པ།

2023-06-20 16:02:57   |   432

 རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས16ཉིན་གྱི་སྔ་དྲོ།    ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་འདེད་ཚོགས་འདུ་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་ཡུལ་དངོས་ཚོགས་འདུ་གཉིས་ཡོངས་སུ་ལེགས་འགྲུབ་བྱུང་། ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་འཐུས་མི300ལྷག་ཚན་ཆུང་བགར་ནས་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་ལྟ་སྦྱོང་དུ་སོང་ནས་སྡེ་བའི་འཛུགས་སྐྲུན་དང་གད་སྙིགས་རིགས་དབྱེ་བྱ་བར་ཡུལ་དངོས་ནས་ལྟ་སྦྱོང་བྱས་ནས་མཛུབ་ཁྲིད་བྱས།

ཚོགས་ཞུགས་ཁོངས་མི་དཀོན་ལོ་གོང་མ་སྡེ་བའི་གཅིག་སྡུད་གཞིས་ཁུལ་དུ་བསྐྱོད་དེ་འགྲེམ་པང་གི་འགྲེལ་བཤད་ལ་ཉན་པ་དང་བརྙན་ལམ་ངོ་སྤྲོད་སོགས་ལ་གཟིགས་པ་བརྒྱུད་སྟེ། འོམ་ཆུ་གྲོང་རྡལ་གྱིས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དཀོན་ལོ་གོང་མ་སྡེ་བས་གད་སྙིགས་རིགས་དབྱེ་ཚོད་ལྟའི་གཞིས་ཁུལ་ཡག་པོ་གཉེར་བར་ལ་ཞིབ་ཕྲ་བྱས་ནས་རྒྱུས་ལོན་གཏིང་ཟབ་བྱས། དེ་མིན་དཀོན་ལོ་གོང་མ་སྡེ་བའི“མི་རིགས་ཀྱི་གྲོང་སྡེ”ཚོང་ལས་ཁྲོམ་གཞུང་དུ་བསྐྱོད་དེ་འོམ་ཆུ་གྲོང་རྡལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་། རིག་གནས་གསར་གཏོད་ཐོན་རྫས། ཤུལ་བཞག་རིག་གནས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ལ་ཡུལ་དངོས་ནས་ཉམས་ལེན་བྱས་པ་དང་། ཁྱད་ལྡན་བཟའ་བཏུང་ཁུལ་དུ་ས་གནས་དེ་གའི་བོད་ཟས་དང་། ཀྲུང་གོའི་བཟའ་བཅའ། དབྱི་སི་ལན་གྱི་ཟས་རིགས་སམ་ས་གནས་དེ་གའི་དྲོད་ཁང་ཆེ་མོའི་ཤིང་ཏོག་འདེབས་གསོ་སོགས་ཀྱི་བྲོ་བ་རོལ་མྱོང་བྱས། ཞིང་ཆེན་དང་ཁུལ་གྱི་སྣེ་ཁྲིད་ཀྱི་མགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་ལྟ་སྦྱོང་ཚོགས་པའི་འཐུས་མིས་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ལྟ་སྦྱོང་བྱ་ཡུལ་ལས་དོན་གྲལ་སྒྲིག་ལ་ཁས་ལེན་གང་ལེགས་བྱས་ཤིང་། ལྟ་སྦྱོང་གོ་སྐབས་དང་བསྟུན་ནས་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་གཏོང་བ་དང་གྲོང་གསེབ་ཀྱི་འཕེལ་རྒྱས་རྣམ་པ་མངོན་འགྱུར་ཡོང་བར་བསྔགས་བརྗོད་བྱས། དེ་མིན་རྗེས་ཕྱོགས་ཀྱི་ཐད་ནས་གྲོང་གསེབ་ཀྱི་གནས་སྐོར་མུ་མཐུད་དུ་ཡག་པོ་བྱ་རྒྱུ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་བསྔགས་བརྗོད་གནང་།

ད་ལོ་ནས་བཟུང་འོམ་ཆུ་གྲོང་རྡལ་གྱིས་མགོ་མཇུག་བར་གསུམ་དུ་གྲོང་གསེབ་འཛུགས་སྐྲུན་དང་གད་སྙིགས་རིགས་དབྱེའི་བྱེད་སྒོ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་ཐབས་གལ་ཆེན་དུ་བརྩིས་ཏེ། བསམ་ཕྱོགས་གསལ་བོ་བཏོན་ནས་ཇུས་འགོད་གཏིང་ཟབ་བྱས་པ་བརྒྱུད་ལས་དོན་ཁག་གི་དམངས་འཚོ་འཕེལ་རྒྱས་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཕེལ་རྒྱས་བཅས་དང་འཚམ་མཐུན་ཡོང་བའི་འགན་ལེན་བྱས་ཏེ་དུས་རབས་གསར་པའི་རོང་འབྲོག་ཁུལ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། རྗེས་ཕྱོགས་གི་ཐད་ནས་འོམ་ཆུ་གྲོང་རྡལ་གྱིས་འོམ་ཆུ་ཡི་ལྗང་མདོག་ཞིང་ཕྱུགས་དང་དེ་མིན་ཤུལ་བཞག་རིག་གནས(རིག་གནས་གསར་གཏོད)ཐོན་རྫས་སྒྲོག་འགྲེལ་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་འདེད་ཚོགས་འདུའམ་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་ཡུལ་དངོས(དཀོན་ལོ་གོང་མ་སྡེ་བའི་ལྟ་སྦྱོང་ས་ཚིགས)ཚོགས་འདུ་གོ་སྐབས་སུ་བཟུང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་རོང་འབྲོག་ཁུལ་འཕེལ་རྒྱས་ཀྱི་བླང་བྱ་གཏིང་ཟབ་ཏུ་བཏང་སྟེ་རང་འགུལ་གྱི་འགན་འཁུར་བ་དང་ཧུར་ཐག་བྱས་ནས་གཞི་རིམ་གྱི་ལས་དོན་ཁག་གི་བདེ་འཇགས་དང་བརྟན་བརླིང་།   འཕེལ་རྒྱས་ཡོང་བར་འགན་ལེན་བྱ་དགོས། གོམ་སྟབས་རྗེས་མར་གྲོང་གསེབ་ཀྱི་གནས་སྐོར་མུ་མཐུད་ལེགས་པོར་གཉེར་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

图片1.png

ལྟ་སྦྱོང་ཚོགས་པའི་འཐུས་མིས་འགྲེམ་སྟེགས་ཁག་གི་ཁྱད་ལྡན་ཐོན་རྫས་ལ་ལྟ་བ།  

图片2.png

 ལྟ་སྦྱོང་ཚོགས་པའི་འཐུས་མིས་འགྲེམ་སྟེགས་ཁག་གི་ཁྱད་ལྡན་ཐོན་རྫས་ལ་ལྟ་བ།     

图片3.png

གཙག་དྲུབ།

图片4.png

རྒྱ་གོར།  

图片5.png

ལག་སྐོར་རྩམ་པ།

图片6.png

བོད་སྤོས།

图片7.png

ཁུ་ལུའི་རྒྱན་ཆ། ཁུ་ལུའི་སྐེ་དཀྲིས།   

图片8.png

རྒྱ་ཁོག་དག་མ།       

图片9.png

ཤིང་ཏོག  

图片10.png

ཕྲུག་གཙག་མ། 

图片12.png

བོད་ཀྱི་རྒྱན་ཆ། 

图片13.png

ལྟ་སྦྱོང་འཐུས་མི་ཚོགས་པས“མི་རིགས་ཀྱི་གྲོང་སྡེ”ཚོང་ལས་ཁྲོམ་གཞུང་དུ་ལྟ་སྐོར་བྱེད་པ།

图片14.png

དཀོན་ལོ་གོང་མ་སྡེ་བའི་མང་ཚོགས།



མཉམ་སྤྱོད།