དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-21 08:59:43   |   2911

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀྲེམ་གྱི་མཛའ་གྲོགས་མི་སྣ་གྲགས་ཅན་ཏུང་པོར་འཕྲིན་ལན་སྤྲིངས་པ་དང་། ཁོང་གིས་ཀྲུང་གོ་དང་པེར་ཀྲེམ་དབར་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཛའ་མཐུན་ལ་མུ་མཐུད་དུ་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་སྐུལ་མ་གནང་།

    640.jpg

  • ཚེས20ཉིན་གྱི་ཆུ་ཚོད11:18སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཚོད་ལྟའི་སྲུང་སྐར་ཨང་ཉེར་ལྔ་པ་བདེ་ལེགས་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས།

  • སློབ་གསོ་པུས་རྒྱལ་ཡོངས་མཐོ་སློབ་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་སྟེ། མིག་སྔའི་བར་དུ་རྒྱལ་ཡོངས་སུ་མཐོ་རིམ་སློབ་གྲྭ་ཁྱོན་སྡོམ3072ཡོད།

  • ཟླ7ཚེས1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་རི་མོ་གསར་པ་ལག་བསྟར་བྱ་རྒྱུ་རེད། རི་མོ་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ལྕགས་ལམ་གྱིས་རི་མོའི་ནང་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་མེ་འཁོར10592བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། དེ་ནི་ད་ལྟའི་རི་མོ་དང་སྡུར་ན་མེ་འཁོར46ཇེ་མང་དུ་བཏང་ཡོད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་སྔོན་དཔག་བྱས་པ་ལྟར་ན། ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་མཁན་གྱི་འགྲུལ་པ་ཆེས་མང་བའི་དུས་སུ་སླེབས་རྒྱུ་ཡིན་པ་དང་། ཉིན་རེའི་ཆ་སྙོམས་འགྲུལ་པའི་འབོར་ཚད་མི་ཐེངས་ཁྲི128ཟིན་རྒྱུ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཚེས20ཉིན་ནས་བཟུང་ཐེ་ཝན་ས་ཁུལ་གྱི་ཧྥན་ལི་ཀྲི་ནང་འདྲེན་བྱེད་པ་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས།

  • ཚེས20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་སྟབས་བསྟུན་དངོས་གཉེར་ཀྱི་ངང་ཚུལ་གྱིས་ཀྲུང་ཨའི་དབར་གྱི་འགྲུལ་སྐྱེལ་གནམ་གྲུ་ཇེ་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།

    640 (1).jpg

  • ཚེས20ཉིན་གྱི་དགོང་མོར། གྲོང་ཚོའིBAརྒྱལ་ཡོངས་འགྲན་སྡུར་དེ་ཀུའེ་ཀྲོའུ་ཐེ་ཅང་རྫོང་ཐེ་ཕན་གྲོང་ཚོར་དངོས་སུ་མགོ་བརྩམས་པ་དང་། འགྲན་སྡུར་ལས་རྒྱལ་ཡོངས་ཀྱི་ཨང་དང་པོ་དེ་ཟླ10པར་འགྲན་རྩོད་བརྒྱུད་ཐོབ་རྒྱུ་རེད།

    640 (2).jpg

  • ཚེས20ཉིན་ཏ་ལེན་སོ་ཡུས་ཝན་རྐང་རྩེད་སྤོ་ལོའི་ར་བ་རུ་སྤེལ་བའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཛའ་མཐུན་འགྲན་སྡུར་ཐོག་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྡུར་གྲངས2སྡུར0ཡི་སྐར་གྲངས་ཀྱིས་ཕ་ལེ་སི་ཐན་རུ་ཁག་ལས་རྣམ་པར་རྒྱལ།

སྤྱི་ཚོགས།

  • ལྷོ་ཕྱོགས་ས་ཁུལ་དུ་ཆར་ཞོད་ཆེ་བའི་ནམ་ཟླ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་ཚེས20ཉིན་མཉམ་འབྲེལ་ཐོག་ད་ལོའི་ལི་མདོག་གི་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་དང་པོ་ཁྱབ་བསྒྲགས་བྱས་པ་དང་། ཀུའེ་ཀྲོའུ་དང་ཡུན་ནན་སོགས་ཞིང་ཆེན་ལྔ་ཡིས་དོགས་ཟོན་བྱེད་དགོས་འདུག

  • སྐྱེ་ཁམས་ཁོར་ཡུག་པུས་ཟླ5པའི་གཙོ་གནད་གྲོང་ཁྱེར168ཀྱི་མཁའ་རླུང་སྤུས་ཚད་ཨང་རིམ་གྱི་བརྡ་ཁྱབ་བཏང་བ་སྟེ། ཧེ་ཁོའུ་དང་ལྷ་ས། རི་བོ་ཧོང་ཧྲན་སོགས་ཀྱི་མཁའ་རླུང་ལྟོས་བཅས་ཀྱིས་བཟང་བ་དང་། མེན་དབྱང་དང་།  ཐང་ཧྲན། ལིན་ཧྥུན། ལང་ཧྥང་སོགས་ཀྱི་མཁའ་རླུང་ལྟོས་བཅས་ཀྱིས་ཞན་ཙམ་ཡོད།

  • ཉིན་ཤས་སྔོན་དུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་རྐྱེན་གྱིས་ཁྲིམས་ལྟར་ཀྲུང་གོ་མི་དམངས་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ཧྥན་དབྱི་ཧྥེ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང“བཙན་ཤེད་ཀྱིས་སྤྱི་སྟེགས་ལ་དོ་ཁུར་བྱེད་དུ་འཇུག་པར་ངོ་རྒོལ་བྱེད་པ”ཡི་འཛད་སྤྱོད་ལྟ་སྐུལ་ལས་དོན་སྤེལ་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་རེད།

    640 (3).jpg

  • ཚེས20ཉིན་ཧྲེན་ཀྲུང་བགྲོད་ལམ་ཤར་མིའི་མིས་བཟོས་གླིང་ཕྲན་གྱི་གཙོ་གཞིའི་ཨར་ལས་ཕྱོགས་ཡོངས་ནས་ལེགས་པར་གྲུབ་པ་དང་། དེ་ཡིས་རྒྱལ་ནང་གི་མྱུར་བགྲོད་གཞུང་ལམ་ཆུ་འོག་ཕན་ཚུན་ཤར་གཏོང་ཐུབ་པའི་བསླངས་སྣོལ་གཙོ་གཞི་ཐོག་མ་དངོས་སུ་གྲུབ་པ་མཚོན།

    640 (4).jpg

  • གནའ་རྫས་རྟོག་ཞིབ་མི་སྣས་ཀོང་ཞི་ཕིང་ཀོ་ཏ་ཧུང་ཅང་ཆུ་མཛོད་ཁུལ་དུ་ཀྲན་གོའི་དུས་ཀྱི་གནའ་བོའི་བང་སོ་ཞིག་རྙེད་པ་དང་ད་ལྟའི་བར་དུ་ལོ་ངོ2000ལྷག་ཙམ་འགོར་ཡོད། བང་སོ་ལས་ཟངས་རྔ་དང་གཡང་ཊའི་གདུབ་བུ་སོགས་རིག་དངོས་ཁག་གཅིག་ཐོན།

    640 (5).jpg

  • ཆིང་ལན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས23ཉིན་གྱི་ཆུ་ཚོད10པ་ནས་ཚེས24ཉིན་གྱི་ཆུ་ཚོད18བར་དུ་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་མཚོ་སྐྱོད་བྱ་མི་ཆོག་ཅེས་བསྟན། 

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུ་ཡིས་ཡིག་ཆ་བཀྲམ་སྟེ། ཆ་རྐྱེན་འཛོམས་པའི་སྨན་བཅོས་སྒྲིག་ཚན་གྱིས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་དང་ཁྱིམ་དུ་སྡོད་ཅིང་འགྲོ་སྐྱོད་སྟབས་བདེ་མིན་པའི་རྒན་པ་སོགས་ལ་སྒོ་རྩར་སོང་སྟེ་ནད་གཡོག་ཞབས་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།

  • པེ་ཅིང་གིས་སྡོད་ཁང་མིན་པའི་ཁང་པ་བསྡུ་ལེན་གྱི་ཁ་གསབ་ཐད་ཀྱི་གཏན་འབེབས་གསར་པ་བཏོན་པ་སྟེ། ཁྲིམས་འགལ་འཛུགས་སྐྲུན་དང་ཆོག་མཆན་འགོད་པའི་དུས་བཀག་ལས་བརྒལ་བའི་གནས་སྐབས་འཛུགས་སྐྲུན་ལ་ཁ་གསབ་སྤྲོད་རྒྱུ་མིན་པ་ཁ་གསལ་བཏོན།

  • ཀྲེ་ཅང་གིས་ཇུས་གཞི་བཏོན་ནས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་སྟེ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཁང་ས་རིན་ཡོད་ཀྱིས་ཕྱིར་འཐེན་བྱེད་པ་དང་། “ས་ཆའི་འཛིན་བྱང”བརྗེ་བ་སོགས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་པར་སྐུལ་ལྕག་བཏང་།

དེ་རིང་གི་གནམ་གཤིས།

640 (6).jpg

  • ཀྲེ་ཅང་གི་ལྷོ་རྒྱུད་དང་། ཅང་ཞིའི་དབུས་རྒྱུད། ཧུའུ་ནན་གྱི་དབུས་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཅི་ལིན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་ཡོད་པ་དང་། དེ་དག་ལས་ཅང་ཞིའི་དབུས་རྒྱུད་དང་། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་སོགས་ས་ཁུལ་བྱེ་བྲག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།